སྐབས་ཉེར་གཅིག་པའི་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྐུ་མགྲོན་གཙོ་བོའི་ཞིང་ཆེན་གྱི་མཚོ་སྔོན་འགྲེམ་ཁང་གི་སྒོ་ཕྱེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས8ཉིན་གྱི་སྔ་དྲོར།  སྐབས་ཉེར་གཅིག་པའི་དངུལ་གཏོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྐུ་མགྲོན་གཙོ་བོའི་ཞིང་ཆེན་གྱི་མཚོ་སྔོན་འགྲེམ་ཁང་གི་སྒོ་ཕྱེས་པའི་མཛད་སྒོ་ཞྭ་མོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སྤེལ། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀའོ་ཉིང་ཉིང་མཛད་སྒོར་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་ཤིས་ཚིག་ཕུལ།

དབྱང་ཧྥིན་ཁྲུན་གྱིས་ཤིས་ཚིག་ཁྲོད་བཤད་རྒྱུར། མཚོ་སྔོན་གྱི་གནས་ཡུལ་དམིགས་བསལ་ཡིན་པ་དང་། ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་ལ། མི་རིགས་སྣ་མང་འདུས་ཡོད་ཅིང། དེ་ནི་ང་ཚོ་མེས་རྒྱལ་གྱི་གཅེས་སུ་རུང་བའི་ས་ཆ་ཞིག་ཡིན། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག  མཚོ་སྔོན་དུ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཟིན། དེང་སྐབས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་བྱས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་བཙུགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། མཉམ་དུ་འབྱོར་ཕྱུག་ལ་སྐུལ་འདེད་བཏང་ཞིང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་གསར་སྐྲུན། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བཅས་འཛུགས་སྐྲུན་བྱས་ཏེ། མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར། 

དབྱང་ཧྥིན་ཁྲུན་གྱིས་བཤད་རྒྱུར། དེང་སྐབས་ཀྱི་མཚོ་སྔོན་གྱིས་སྟོབས་ཤུགས་བསགས་ཏེ་གོ་སྐབས་དང་བསྟུན་ནས། སྐྱེས་སྟོབས་ཀྱིས་ཕྱུག་ཡོད་པས། གསར་སྤེལ་གྱི་སྒུལ་ཤུགས་ཆེ་ཞིང་། འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཡངས། དེ་རིང་སྒོ་ཕྱེས་པའི་མཚོ་སྔོན་འགྲེེམ་ཁང་དུ། མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་དང་ཐོན་ལས་དགེ་མཚན། དངུལ་གཏོང་ཁོར་ཡུག མཉམ་ལས་ཀྱི་མདུན་ལྗོངས་གཅིག་བསྡུས་སྒོས་མངོན་ཞིང་། རྒྱ་ཆེའི་ཚོང་མགྲོན་གྱིས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་མཁོ་འདོན་བྱས་ཤིང་། ང་ཚོས་བརྗེ་རེས་མཉམ་ལས་སྟེགས་བུ་ལེགས་པོ་ཞིག་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་དང་ཁེ་ལས་པ་མཚོ་སྔོན་དུ་འཛོམས་ནས། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

མཛད་སྒོའི་རྗེས་སུ། ཚོགས་ཞུགས་མགོ་ཁྲིད་པ་དང་སྐུ་མགྲོན་ཚོས་མཚོ་སྔོན་འགྲེམ་ཁང་དུ་ལྟ་སྐོར་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།