ཡུས་ཧྲུའུ་གྲོང་ཁྱེར་གྱིས་རིག་ནུས་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་བྱེད་པ།

598f44c5-2ffb-4e27-9c4e-c425f6e550ba.tif.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཤེས་རིག་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་དེ་པེ་ཅིང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་འོག 2016ལོའི་ཟླ6པའི་ཚེས1ཉིན་ནས་ཤར་གཏོང་བྱས་ཏེ་འཁོར་སྤྱོད་བྱེད་མགོ་བརྩམས་པ་དང་། མིག་སྔར་བར་ཆེས་ཆེ་བའི་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་གི་སྤྱི་དམངས་ཞབས་ཞུའི་ལྟེ་གནས་སུ་གྱུར་ཡོད་ལ། དེེའི་ནང་འབོད་བརྡ་ལྟེ་གནས་དང་བརྙན་ཤེལ་ཆེན་མོའི་མ་ལག སྲིད་དོན་དྲ་བ། བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག དམངས་ཕན་ཞབས་ཞུའི་ས་ཚིགས་སོགས་བཙུགས་ཡོད་པས། ཚན་རྩལ་འདི་དག་བེད་སྤྱད་ནས་དེང་རབས་ཅན་གྱི་ཤེས་རིག་དོ་དམ་བྱས་ཏེ་དམངས་འཚོར་ཞབས་ཞུ་དང་གྲོང་ཁྱེར་དོ་དམ་ལ“ཤེས་རིག”སྔར་ལས་ལྡན་པར་སྐུལ་འདེད་བྱ་རྒྱུ་རེད།  །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།