མཚོ་སྔོན་རུའེ་ཨར་མིག་ནད་ཚན་ཁག་སྨན་ཁང་གིས་རྒྱ་ཆེའི་དགེ་རྒན་ལ་བརྩེ་སེམས་ཕུལ་བ།

e6dd8dc5-be2d-4066-accc-aae7087d4d51.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས37པའི་དགེ་རྒན་དུས་ཆེན་ཐོན་ལ་ཉེ་སྐབས། མཚོ་སྔོན་རུའེ་ཨར་མིག་ནད་ཚན་ཁག་སྨན་ཁང་གིས“དགེ་རྒན་ལ་གུས་འདུད་ཞུ་བ་དང་དགེ་རྒན་གྱི་ལུས་ཕུང་བདེ་ཐང་ལ་གཅེས་སྐྱོང་བྱེད་པ”བརྗོད་དོན་གཙོ་བོར་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ལ་རིན་མེད་ངང་མིག་ཟུང་ལ་བརྟག་དཔྱད་བྱས། ཟླ9པའི་ཚེས8ཉིན་སྨན་ཁང་མིག་ནད་ཚན་ཁག་གི་ཆེད་མཁས་ཧན་ཡིའུ་ལན་གྱིས་བརྟག་དཔྱད་དུ་ཡོང་བའི་དགེ་རྒན་ཚོར“ཇི་ལྟར་མིག་ལ་གཅེས་སྤྲས་ཡང་དག་བྱེད་པར”འཆད་ཁྲིད་བྱས་པ་མ་ཟད། རྒྱ་ཆེའི་དགེ་རྒན་ཚོར་དུས་རྒྱུན་གྱི་མིག་ཟུང་ལ་བདག་སྐྱོང་བྱེད་པ་དང་འཚོ་བཅུད་ཇེ་མང་དུ་གཏོང་དགོས་པ་དང་། ལོ་ཕྱེད་ནང་མིག་ཟུང་ལ་བརྟག་དཔྱད་ཐེངས་རེ་བྱས་ཏེ་དུས་ཐོག་ཏུ་ནད་གཞི་རྙེད་པ་དང་སྨན་པའི་མཛུབ་ཁྲིད་འོག་ཚན་རིག་དང་མཐུན་པའི་ངང་མིག་ཟུང་ལ་བདག་སྐྱོང་བྱེད་དགོས་པའི་སྐོར་ནས་དྲན་སྐུལ་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།