རྨ་ཆུའི་འབྱུང་འགོ་ནས་ཁྲུང་ཁྲུང་སྐེ་ནག་གིས་བྱ་ཕྲུག་རུམ་གསོ་བྱེད་པའི་བརྙན་ཐོག་མ་བླངས་པ།

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་ཁྲུང་ཁྲུང་སྐེ་ནག་རེད།

ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་འཛམ་གླིང་གི་ཁྲུང་ཁྲུང་རིགས་ཁོ་ན་ཡིན་ལ། རྨ་ཆུ་ཤང་དེ་ཁྲུང་ཁྲུང་སྐེ་ནག་གི་རིགས་རྒྱུད་སྤེལ་ས་ཡིན་པའི་ཆ་ནས། ཐེངས་འདིར་འབྲོག་པས་ཐག་ཉེ་ས་ནས་ཁྲུང་ཁྲུང་སྐེ་ནག་གིས་བྱ་ཕྲུག་རུམ་གསོའི་བརྙན་ལེན་ཐུབ་པར་བྱུང་བ་དེས་མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན།

མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་ཨུའི་འབྲེལ་ཡོད་སྡེ་ཚན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་ནི་མཚོ་བོད་མཐོ་སྒང་གི་བརླན་སའི་འདབ་ཆགས་རིགས་ཀྱི་རྒྱལ་པོ་ལྟ་བུ་ཡིན་ལ། དེ་ནི་འཛམ་གླིང་སྟེང་འཚོ་སྡོད་བྱེད་པ་དང་རིགས་རྒྱུད་སྤེལ་བའི་མཐོ་སྒང་གི་ཁྲུང་ཁྲུང་རིགས་ཁོ་ན་ཡིན། ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་ཁོར་ཡུག་དང་རིགས་རྒྱུད་སྤེལ་བའི་གནས་ཚུལ་གྱིས་ཀྱང་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་ཤིན་ཏུ་ལེགས་པ་གཞི་ནས་མཚོན་ཡོད། ཉེ་ལམ་ས་གནས་སྐྱེ་ཁམས་དོ་དམ་པས་སྐོར་སྲུང་བྱེད་པའི་ཁྲོད་ཐག་ཉེ་ས་ནས་ཁྲུང་ཁྲུང་སྐེ་ནག་གིས་བྱ་ཕྲུག་རུམ་གསོའི་བརྙན་ཐོག་མ་བླངས་པ་དེ་དངོས་གནས་དོན་དག་གལ་ཆེན་ཞིག་རེད།

ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས་ཡིན་པ་དང་། འཛམ་གླིང་ཡོངས་སུ་སྔོན་དཔག་བྱས་པའི་ད་ཡོད་གྲངས་འབོར10000མ་གཏོགས་མེད། འཚོ་སྡོད་གནས་གཙོ་བོ་ས་བབ་མཐོ་ཚད་སྨི2500ནས5000བར་གྱི་སྤང་ཐང་དང་ན་འདམ། མཚེའུ་སོགས་ཀྱི་ས་ཁུལ་ཡིན་ལ། གཙོ་བོ་ཀྲུང་གོའི་མཚོ་སྔོན་དང་བོད་ལྗོངས་སོགས་སུ་ཡོད་པས། དེ་ནི་འཛམ་གླིང་ཐོག་གྲངས་འབོར་ཉུང་བའི་མཐོ་སྒང་དུ་འཚོ་སྡོད་བྱེད་པ་དང་རིགས་རྒྱུད་སྤེལ་བའི་ཁྲུང་ཁྲུང་རིགས་ཡིན་པ་མ་ཟད། མཁའ་དབྱིངས་སུ་འཕུར་སྐྱོད་ལ་མཁས་བའི་འདབ་ཆགས་རིགས་ཤིག་ཀྱང་ཡིན། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།