ཞིན་ཁྲང་ཞིང་གིས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་རུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་རུ་རྟོག་ཞིབ་བཞུགས་མོལ་གནང་སྐབས། ཚན་རྩལ་ལས་དོན་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཞིབ་ཕྲའི་སློབ་སྦྱོང་བྱེད་པ། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཤུགས་ཆེན་པོས་དར་སྤེལ་གཏོང་བ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཚན་རིག་གི་ཡང་རྩེར་འཛེགས་ཏེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ལྡན་པའི་ཚན་རྩལ་གྱི་འདེགས་སྐྱོར་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་།

ཉིན་དེར་ཞིན་ཁྲང་ཞིང་གིས་སྤྲོ་སྣང་ལྡན་པའི་སྒོ་ནས་ཞིབ་འཇུག་སུའོ་ཡི་མཚོ་བོད་མཐོ་སྒང་སྐྱེ་དངོས་དངོས་དཔེ་ཁང་དང་། ཀྲུང་གོའི་ཚན་རིག་ཁང་མཐོ་སྒང་སྐྱེ་དངོས་འཕྲོད་མཐུན་དང་འཕེལ་འགྱུར་གྱི་གཙོ་གནད་ཚོད་ལྟ་ཁང་གི་མཐོ་སྒང་གི་ཉ་རིགས་གཞི་རྒྱུའི་ཁང་། གྲངས་འཛིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཅས་ཀྱི་འགྲེམས་སྟོན་སྟེགས་བུར་ལྟ་སྐོར་བྱས་པ་དང་མཉམ་དུ། འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཚན་རིག་ཞིབ་འཇུག་མི་སྣར་བསམ་བློ་བརྗེ་རེས་ཀྱི་བཞུགས་མོལ་གནང་། དགུང་ལོ94ལ་སླེབས་པའི་ཚན་རྩལ་ལས་དོན་པ་དབྱང་ཡུང་ཁྲང་ལགས་ཀྱིས་སྔར་བཞིན་ཞིབ་འཇུག་ཁང་དུ་བྱ་བ་སྒྲུབ་ཀྱིན་ཡོད་པ་མཐོང་བ་དང་། ཚན་རྩལ་ལས་དོན་པ་རྒན་རབས་པ་ཚོའི་བཟོ་བཀོད་ལེགས་པའི་དམར་དཔེ་མཚོན་རྟགས་བཀོད་པ་སོགས་ལ་ཞིབ་ཏུ་བལྟས་རྗེས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། སེམས་འགུལ་ཐེབས་པའི་སྒོ་ནས་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི“ནོར་གནག་གི་སྙིང་སྟོབས”ལས་དཀའ་ཚེགས་ལ་མི་སྐྲག་པ་དང་། འབད་འཐབ་ཧུར་ཐག་བྱེད་པ། བྱས་རྗེས་འཇོག་པར་དགའ་བ་བཅས་མཚོན་ཡོད། འདི་ནི་རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་དང་ཚན་རིག་མཁས་བའི་སྙིང་སྟོབས་གཅིག་ཤུལ་གཅིག་འཛིན་བྱས་པ་རེད། ཚན་རྩལ་རྒན་རབས་པ་རྣམས་ཀྱི་སླ་བཅོས་སྤུ་ཙམ་མི་བྱེད་པ་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་སྒྲུབ་སྤྱོད་ཚུལ་ལ་ང་ཚོ་མི་ཚང་མས་སློབ་སྦྱོང་བྱེད་འོས་ཟེར།

ཞིང་ཁྲང་ཞིང་གིས་བཤད་རྒྱུར། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་ཚན་རིག་ཞིབ་འཇུག་བྱེད་པ་གཙོ་བྱས་པའི་ཕྱོགས་བསྡུས་ལས་ཁུངས་ཡིན་པའི་ཆ་ནས། ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་ཕྱོགས་གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་དང་སྦྲེལ་བ་དང་།  ཕྱོགས་གཅིག་ནས་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་དང་སྦྲེལ་ནས། མཐོ་སྒང་དུ་གཞི་ཚུགས་ནས་ལོ་ངོ་དྲུག་ཙམ་ལ་ཉེ་བའི་དུས་ཚོད་རིང་།  “ནོར་གནག་གི་སྙིང་སྟོབས”རྩ་ཆེན་གྲུབ་པ་དང་། ཞིབ་འཇུག་གི་གྲུབ་འབྲས་སྐོར་ཞིག་བླངས་ཡོད་ལ། ཚན་རྩལ་འཇོན་ཐང་ཅན་གྱི་མི་སྣ་སྐོར་གཅིག་སྐྱེད་སྲིང་བྱས་ནས། མཚོ་སྔོན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ཁྱོད་ཚོ་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་ཡིན་ཟེར། 

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་གྲུབ་འབྲས་མང་པོ་ལེན་པ་དང་ཐོན་རྫས་མང་པོ་འདོན་པ། ཤེས་ལྡན་པ་མང་པོ་སྐྱེད་སྲིང་བཅས་བྱེད་པར་རྒྱབ་སྐྱོར་བྱས་ནས། མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་པར་བསྟན། 

ལིའུ་ཐའོ་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།