ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་སྐབས5པའི་སློབ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་སྐབས5པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་བརྩམས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་འཁུར་ནས་སྒྲུབ་པ་ཡིན་ལ། གསོ་སྦྱོང་དུས་ཡུན་ཉིན15ཡིན། རང་རེའི་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོའི་ཁུལ་ཐིང་རིམ་པ་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ40གཅིག་བསྡུས་གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ཏང་གཤིས་སློབ་གསོའི་དཔེ་གཞི་ཆེན་པོ་གཉིས་ལ་སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གོ་གནས། ཚན་རིག་མ་ལག དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཡང་དག་པར་ཁོང་དུ་ཆུད་པ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ་བཅས་བྱས་ནས། སློབ་མའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ཤུགས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་མཐོ་རུ་བཏང་། གསོ་སྦྱོང་འཛིན་གྲྭས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་ནས། བྱང་ཚད་དང་ནུས་པ་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་དང་། ཕུགས་བསམ་གྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཤེས་བྱའི་མ་ལག་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་བསྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།