ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ཐེངས15བས་མཚོ་སྔོན་དུ་སྡོད་པའི་གྱོད་དོན་གཙོ་བོའི་དཔྱད་ཞིབ་ཚན་ཆུང་དང་ངོ་འཕྲད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས7ཉིན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་ཐེངས15བས་མཚོ་སྔོན་ཞིང་ཆེན་དུ་སྡོད་པའི་ཞིང་ཆེན་བར་གྱི་གྱོད་དོན་གཙོ་བོའི་དཔྱད་ཞིབ་ཚན་ཆུང་དང་ངོ་འཕྲད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་ཐེངས15བའི་ཚན་གཙོ་ཅི་ལིན་གྱིས་མཚོ་སྔོན་དུ་སྡོད་པའི་དཔྱད་ཞིབ་ཚན་ཆུང་གི་ཁོངས་མི་ཡོངས་ལ་འཚམས་འདྲི་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡན་པའེ་མཉམ་དུ་བཞུགས་མོལ་ཁྲོད་ཞུགས།

ཅི་ལིན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་རྒྱུན་འཁྱོངས་བྱས་ཏེ། གྱོད་དོན་དཔྱད་ཞིབ་བྱ་བའི་འགན་འཁྲི་དང་ལས་འགན་མཐོར་འདེགས་སུ་གཏོང་བ་དང་། ཆབ་སྲིད་ཀྱི་བློ་དཀར་གཞུང་དྲང་དང་། ཏན་ཏིག་གིས་འགན་འཁྲི་ངོས་ཟིན། འཐབ་རྩོད་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས། དཔྱད་ཞིབ་ནན་མོ་བྱེད་པ་དང་ཞིབ་བཤེར་གཟབ་ནན་སྒོས། དཔྱད་ཞིབ་སྤུས་ཚད་སྟེང་ཚད་བརྒལ་བརྩོན་ལེན་བྱེད་དགོས། དཔྱད་ཞིབ་ཀྱི་ཚད་གཞི་མཐོན་པོ་རྒྱུན་བསྐྱངས་ཏེ། དཔྱད་ཞིབ་གཙོ་བོར་དམིགས་ནས། དཔྱད་ཞིབ་ཀྱི་ཚད་གཞི་མཐོར་འདེགས་སུ་གཏོང་དགོས་པ་དང་། དཔྱད་ཞིབ་ཀྱི་འགན་འཁྲི་དོན་འཁྱོལ་བྱས་པ་བརྒྱུད། གནད་དོན་ཁ་ཕྱོགས་སུ་བཟུང་ནས་གྱོད་དོན་དཔྱད་ཞིབ་སྤུས་ཚད་ཇེ་མཐོར་གཏོང་དགོས། 

ཚོགས་འདུའི་སྟེང་། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་ཐེངས15བས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་གྱོད་དོན་གཙོ་བོའི་དཔྱད་ཞིབ་ལག་བསྟར་བྱ་ཐབས་སྐོར་ལ་གསལ་བཤད་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་དཔྱད་ཞིབ་ཚན་ཆུང་གིས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་གཏམ་བཤད།

ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ཐེངས15བའི་ཚན་གཙོ་དང་ཚན་གཙོ་གཞོན་པ། ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཆེད་མི། མཚོ་སྔོན་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན། མཚོ་སྔོན་ཞིང་ཆེན་སློབ་གསོའི་དག་ཐེར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བ། མཚོ་སྔོན་དུ་སྡོད་པའི་དཔྱད་ཞིབ་ཚན་ཆུང་གི་བློ་མཐུན་ཡོངས་བཞུགས་མོལ་ཁྲོད་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།