​ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་དུ་བ་རྫུན་མ་ཕྱིར་འཚོང་བྱེད་ས་ཞིག་མེད་པར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མྱུལ་ཞིབ་ཡན་ལག་རུ་ཁག་གིས་ཟི་ལིང་གྲོང་ཁྱེར་དུ་བའི་ཆེད་འཚོང་ཅུའུ་ཞིབ་བཤེར་ཅུའུ་དང་མཉམ་འབྲེལ་སྒོས་དུ་བ་རྫུན་མ་ཁྲིམས་འགལ་ངང་ཚོང་གཉེར་བྱེད་པའི་གྱོད་དོན་ཞིག་རྩད་ཆོད་ཅིང་། ཀོང་ཏུང་ཞིང་ཆེན་གྱི་ས་ཆ་ག་གེ་མོ་ཞིག་ནས་ནག་ཉེས་དོགས་ཡོད་མི་སྣ་བཞི་འཛིན་བཟུང་བྱས་པ་མ་ཟད་ཕྱིར་ཟི་ལིང་དུ་ལྟ་སྐྱེལ་བྱས།

01.jpg

02.jpg

ཟླ7པའི་ཚེས30ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མྱུལ་ཞིབ་ཡན་ལག་རུ་ཁག་གིས་ཟི་ལིང་གྲོང་ཁྱེར་དུ་དོགས་ཡོད་ཉེས་ཅན་ཞིག་གིས་དུ་བ་རྫུན་མ་ཕྱིར་འཚོང་བྱེད་པའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས། ཉེས་ཅན་དེས་མཁོ་འདོན་བྱས་པ་ལྟར་ན། མི་དམངས་ཉེན་རྟོག་པས་དུས་ཡུན་རིང་བོར་དྲ་རྒྱའི་སྟེང་ནས་ཟི་ལིང་དུ་དུ་བ་རྫུན་མ་ཕྱིར་འཚོང་བྱེད་པའི་ཁུངས་སྣེ་ཞིག་རྙེད་ཅིང་།མྱུལ་ཞིབ་ཡན་ལག་རུ་ཁག་གིས་དུས་ཐོག་ཏུ་མྱུལ་ཞིབ་ཁ་ཕྱོགས་ལེགས་སྒྲིག་དང་ཉེན་རྟོག་པའི་སྟོབས་ཤུགས་རྩ་འཛུགས་བྱས་ནས་མྱུལ་ཞིབ་བྱ་བ་སྤེལ། བརྡ་འཕྲིན་མང་པོ་འཚོལ་བསྡུ་སོགས་ཀྱི་བྱ་བ་མང་པོ་སྒྲུབ་པ་བརྒྱུད། དོགས་ཡོད་ཉེས་ཅན་ཡོད་ས་རྩད་ཆོད་པ་དང་མྱུར་དུ་ཞིང་ཆེན་ཕྱིའི་རྩད་གཅོད་བྱ་བ་སྤེལ། ཟླ9བའི་ཚེས4ཉིན་གྱི་ནམ་ལངས་ཁར། ལས་སྒྲུབ་ཉེན་རྟོག་པས་ཀོང་ཀྲོའུ་གྲོང་ཁྱེར་གྱི་ས་གནས་ག་གེ་མོ་རུ་དུ་བ་རྫུན་མ་ཕྱིར་འཚོང་བྱེད་སའི་མཛོད་ཁང་ཞིག་མེད་པར་བཟོས་ཤིང་། ཡུལ་དངོས་ནས་ཐོན་རྫས་གྲགས་ཅན་གྱི་དུ་བ་རྫུན་མ་རིགས15ཡི་དུ་བ་ཐུམ9000ལྷག་རྩད་ཆོད་ཅིང་། གྱོད་འབྲེལ་རིན་ཐང་སྒོར་ཁྲི240ལྷག་ལ་སླེབས་ཡོད། གྱོད་སྒྲུབ་རླངས་འཁོར2དང་བརྡ་རྟགས་སྦ་གསང་འཕྲུལ་ཆས5། གློག་རྡུལ་རྣོ་འོད་སྒྲིག་ཆས2། གློག་རྡུལ་འགྱིག་ཤོག་འཕྲུལ་ཆས1བཅས་ཞིབ་བཤེར་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།