ཟི་ལིང་གྲོང་ཁྱེར་གྱི་མེ་འགོག་བརྗོད་བྱའི་རིག་གནས་སྤྱི་གླིང་ཐོག་མ་སྒོ་ཕྱེས།

LOCAL202109061548316300762347209.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཟི་ལིང་གྲོང་ཁྱེར་གྱི་མེ་འགོག་བརྗོད་བྱའི་རིག་གནས་སྤྱི་གླིང་ཐོག་མ་དངོས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་མང་ཚོགས་ལ་སྒོ་ཕྱེས་པ་རེད། སྤྱི་གླིང་ནང་དུ་མེ་འགོག་བརྗོད་བྱའི་རིག་གནས་མཛེས་ལྗོངས10ལྷག་ཡོད་པར་མེ་འགོག་རིག་གནས་དང་སྐྱེད་ཚལ་རིག་གནས་གཞི་གཅིག་ཏུ་བསྡུས་ནས་ཇུས་འགོག་ཧ་ཅང་ཡག་པོ་རེད།

མེ་འགོག་བརྗོད་བྱའི་རིག་གནས་སྤྱི་གླིང་དེ་ཟི་ལིང་གྲོང་ཁྱེར་གྱི་ཁུ་ནུ་དབུས་ལམ་དང་ནན་ཁྲོན་ཤར་ལམ་སྣོལ་ཁའི་ཤར་ལྷོའི་མཚམས་སུ་གནས་ཡོད་ཅིང་། ནན་ཁྲོན་ཆུ་བོའི་མདུན་ཕྱོགས་སུ་ཆུགས་ཡོད། སྤྱི་གླིང་དེ་འཛུགས་སྐྲུན་བྱས་པ་ལས་སྔར་ལས་ལྷག་པར་ཟི་ལིང་གྲོང་ཁྱེར་གྱི་མེ་འགོག་ཤེས་བྱའི་ཚན་རིག་ཁྱབ་གདལ་སློབ་གསོའི་སྟེགས་བུ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཀྱིས་སློབ་སྦྱོང་ལ་བརྩོན་པའི་ཕྱི་རོལ་གྱི་སློབ་ཁང་དུ་གྱུར་ནས། “གཡུལ་ས་ཆུང་ཆུང་དང་དྲིལ་སྒྲོག་ཆེན་པོའི”སྤྱི་ཚོགས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།