སྐོར་གཉིས་པའི་རྒྱལ་ཁབ་ཀྱི་སྐད་ཡིག་ཁྱབ་གདལ་རྟེན་གཞིར་འདེམས་རྩིས་ཡོད་པའི་མིང་ཐོའི་སྐོར་གྱི་སྤྱི་བསྒྲགས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྐད་ཡིག་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་སྐད་ཡིག་བྱ་གཞག་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་ལས་འགན་གསར་པ་ཡང་དག་པར་ཁོང་དུ་ཆུད་པ། དུས་རབས་གསར་པའི་སྐད་ཡིག་བྱ་གཞག་བཅོས་སྒྱུར་འཕེལ་རྒྱས་དམིགས་ཚད་ཀྱི་བླང་བྱ་དང་འཚམ་པ་བཅས་བྱ་ཆེད།《རྒྱལ་ཁབ་ཀྱི་སྐད་ཡིག་ཁྱབ་གདལ་རྟེན་གཞི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(བོད་སྐད་ཡིག2018〕ཨང3པ)གཞིར་བཟུང་། སློབ་གསོ་པུའུ་ཡི་སྐད་ཡིག་བཀོལ་སྤྱོད་དོ་དམ་སི(རྒྱལ་ཁབ་ཀྱི་སྐད་ཡིག་ཨུ་ཡོན་གཞུང་ལས་ཁང)གིས་སྐོར་གཉིས་པའི་རྒྱལ་ཁབ་ཀྱི་སྐད་ཡིག་ཁྱབ་གདལ་རྟེན་གཞི་འདེམས་པའི་འཛུགས་སྐྲུན་བྱ་བ་རྩ་འཛུགས་བྱས་ནས་སྤེལ་བ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཞིབ་དཔྱད་འོས་སྦྱོར་དང་ཆེད་མཁས་པས་དཔྱད་ཞིབ། ཡུལ་དངོས་རྟོག་ཞིབ། ཕྱོགས་བསྡུས་དཔྱད་བསྡུར་སོགས་ཀྱི་གོ་རིམ་བརྒྱུད་པེ་ཅིང་དགེ་འོས་སློབ་ཆེན་སོགས་ཀྱི་ལས་ཁུངས62རྒྱལ་ཁབ་ཀྱི་སྐད་ཡིག་ཁྱབ་གདལ་རྟེན་གཞི་སྐོར་གཉིས་པར་གཏན་འཁེལ་བྱ་རྩིས་ཡོད།

ད་ལྟ་བདམས་ཐོན་བྱུང་བའི་མིང་ཐོ་སྤྱི་བསྒྲགས་བྱས་པ་ཡིན། ཡོངས་བསྒྲགས་དུས་ཚོད་ནི2021ལོའི་ཟླ9པའི་ཚེས3ནས་ཟླ9པའི་ཚེས7ཉིན་བར་ཡིན། གལ་ཏེ་བསམ་འཆར་ཡོད་ན། སྤྱི་བསྒྲགས་དུས་ཡུན་ནང་དངོས་མིང་འགོད་པའི་རྣམ་པས་སློབ་གསོ་པུའུ་ཡི་སྐད་ཡིག་ཉེར་སྤྱོད་དོ་དམ་ཁང་ལ་ཞུ་རོགས། དུས་ལས་ཡོལ་རྗེས་མིང་མི་འགོད་པའི་ཚུར་སྣང་དེ་དང་ལེན་མི་བྱེད།

འབྲེལ་གཏུག་བྱེད་ཐབས། ཀྲང་ཡན། 66092215xuanjiaochu@moe.edu.cn

སློབ་གསོ་པུའུ་སྐད་ཡིག་བེད་སྤྱོད་དོ་དམ་སི།

2021ལོའི་ཟླ9པའི་ཚེས3ཉིན།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།