མཚོ་སྔོན་ཞིང་ཆེན་གྱི་སྐབས9པའི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས9པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་བརྩམས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་གཉེར་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་གཉེར་བྱས་ཤིང་དུས་ཡུན་ཟླ3ཡིན། རང་ཞིང་གི་གྱི་ཁུལ(གྲོང་ཁྱེར)སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོོ་དང་ཁེ་ལས་དངལས་དོན་ལས་ཁུངས་སོ་སོ་ནས་ཡོང་བའི་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཞོན་པ39གཅིག་སྡུད་སྒོས་གསོ་སྦྱོང་ནང་ཞུགས།

གསོ་སྦྱོང་རིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། འཐབ་ཇུས་དང་ཐབས་ཇུས་གལ་ཆེན། ལས་བྱེད་པའི་འཇོན་ཐང་ཆེར་གཏོང་བ་སོགས་ལ་སློབ་སྦྱོང་བྱས་པ་བརྒྱུད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བཅས་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་དང་། དེ་བཞིན་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཁྲིམས་སྐྱོང་བསམ་བློ་སོགས་ཀྱི་ནང་དོན་སོགས་ལ་ཚན་ཆུང་དབྱེ་བའི་གསོ་སྦྱོང་དང་། ཞིབ་ཀློག་མཉམ་སྤྱོད། སློབ་མའི་གླེང་སྟེགས། ཉིན་ཐོ་འབྲི་བ་སོགས་ཀྱི་སློབ་སྦྱོང་བྱེད་ཐབས་སྤྱད་ནས། ན་གཞོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་ཟམ་མི་ཆད་པར་ཇེ་ཆེར་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཤེས་བྱའི་མ་ལག་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པར་ཧུར་བརྩོན་དང་རང་འགུལ་ངང་བྱས་རྗེས་འཇོག་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལང་ཚོའི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་ནང་སློབ་གྲྭའི་ནང་གི་གསོ་སྦྱོང་དང་སློབ་ཕྱིའི་གསོ་སྦྱོང་ཟུང་འབྲེལ་དང་། སློབ་ཁང་སློབ་གསོ་དང་ཡུལ་དངོས་སློབ་ཁྲིད་ཟུང་འབྲེལ། གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཚན་ཆུང་གི་གསོ་སྦྱོང་ཟུང་འབྲེལ། དྲ་ཐོག་སློབ་སྦྱོང་དང་ཡུལ་དངོས་སློབ་སྦྱོང་ཟུང་འབྲེལ། དེ་བཞིན་ཟུར་ཁྲིད་དང་མཉམ་མྱོང་བརྗེ་རེས་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་སྤྱད་པ་དང་འབྲེལ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་དང་ཟུང་འབྲེལ་གྱིས་ཡུལ་དངོས་སུ་རྟོག་ཞིབ་བྱས་ཏེ་གསོ་སྦྱོང་ནང་ཞུགས་མཁན་གྱི་ཏང་གཤིས་བློ་སྦྱོང་དང་ཆེད་ལས་ཅན་གྱི་ནུས་པ་ཇེ་ཆེར་བཏང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།