རི་ཞིག་སྒེའུ། མཐོ་སྒང་གཞིས་ཁུལ་གྱི་རྣམ་པ་ཡག་པོ།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རི་ཞིག་སྒེའུ་གནས་སྤོར་དབུལ་སྐྱོར་གྱི་གཅིག་བསྡུས་བཀོད་སྒྲིག་ས་ཚིགས(གཤམ་དུ་རི་ཞིག་སྒེའུ་གཞིས་ཁུལ་དུ་བསྡུ་རྒྱུ)སུ་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྲིད་འཛིན་སྡེ་བ47ནས་ཡོང་བའི་སྔོན་ཆད་ཀྱི་དབུལ་ཕོངས་ཁྱིམ་ཚང600དང་སྤྱིལ་ཁྱིམ་ཁུལ་བཅོས་སྒྱུར་གནས་སྤོར་ཁྱིམ་ཚང128འཚོ་སྡོད་བྱས་ཡོད། 2018ལོར་གཞིས་ཁུལ་དེ་དངོས་སུ་འཛུགས་སྐྲུན་བྱས་ཚར་རྗེས། གཞིས་ཁུལ་འདིས་ཏང་གི་འཛུགས་སྐྱོང་ལས་གཞིས་ཀའི་དོ་དམ་ལ་ཤུགས་བསྣན་ཏེ། གཞི་རིམ་བཅོས་སྐྱོང་གི་རྣམ་པར་རོགས་འདེགས་བྱས་པས། གཞིས་ཁུལ་དེ་མིག་སྔར་ཡུས་ཧྲུའུ་གྲོང་ཁྱེར་གྱི“ཁོར་ཡུག་ཆེས་གཙང་པ་དང་སྒྲིག་གཞི་ཆེས་ཆ་ཚང་བ། གཞིས་ཁུལ་དོ་དམ་ཞབས་ཞུ་ཆེས་བཟང་བ། སྡོད་དམངས་ཀྱི་འདོད་བློ་ཆེས་ཚིམ་པའི”གཞིས་ཁུལ་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་གཞིས་ཁུལ་དོ་དམ་གྱི་འབུར་ཐོན་གནད་དོན་ལ་དམིགས་ཏེ། ཏང་གི་འཛུགས་སྐྱོང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་སྣེ་ཁྲིད་པ་གཙོ་བོར་བྱས་ནས། ཕྱོགས་ཡོངས་ནས“ཏང་སྐྱོང་གཞིས་ཁུལ་དོ་དམ”ལག་བསྟར་བྱས། རི་ཞིག་སྒེའུ་གཞིས་ཁུལ་དེ་ཐོག་མའི་ཚོད་ལྟའི་གནས་སུ་བདམས་པ་ནས་བཟུང་། 2020ལོའི་ཟླ8པར། ཀུན་བདེ་ཀུན་སྐྱིད་གཞིས་ཁུལ་དོ་དམ་ཀུང་སི་དང་མཉམ་འབྲེལ་ཏང་ཀྲུ་པུའུ་བཙུགས་པ་དང་། གཞིས་ཁུལ་དོ་དམ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། དངོས་ཐོག་བདེན་འཚོལ་གྱིས་མི་དམངས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བཞིན་ཡོད། གོམ་གང་མདུན་སྤོས་ཀྱིས་གཞིས་ཁུལ་གྱི་མི་རྣམས་ལ་ཞབས་ཞུ་བཟང་བོ་མཁོ་འདོན་བྱ་ཆེད། ཏང་སྐྱོང་ཞབས་ཞུ“གཅིག་གཉིས་གསུམ་བཞི་ལྔ་དྲུག”གི་ལམ་སྲོལ་བཙུགས་པ་དང་། “ཏང་ཡོན་ཆུ་ཚོད24རིང་གི་ཞིག་གསོ་རུ་ཁག”བཙུགས་ཡོད། ད་དུང“དཔུང་རྟགས་དམར་པོའི་ཞབས་ཞུའི་ས་ཚིགས”དང“འགལ་ཟླ་འདུམ་སྒྲིག་ས་ཚིགས”བརྒྱུད་དེ། ཏང་ཡོན་དང་མཉམ་འབྲེལ་སྒོས་སྡེ་ཁུལ་གྱི་གྲོང་མིར་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་བཞིན་ཡོད།

ལུང་གསེབ་ནས་ཐོན་ཏེ་གྲོང་ཁྱེར་དང་གྲོང་རྡལ་དུ་སྤར་པའི་རི་ཞིག་སྒེའུ་གནས་སྤོར་མང་ཚོགས་ལ་མཚོན་ན། ས་གནས་གཞན་ཞིག་ནས་འཚོ་བ་སྐྱེལ་བ་གཅིག་པུ་མིན་པར། དེ་ལས་གཞན་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་འཚོ་བའི་སྤུས་ཚད་ལེགས་བཅོས་ཆེན་པོ་ཕྱིན་པ་ཡིན། མིག་སྔར་ཡུས་ཧྲུའུ་གྲོང་ཁྱེར་གྱིས་རི་ཞིག་སྒེའུ་གཞིས་ཁུལ་གྱིཏང་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ཟུང་དུ་འབྲེལ་བའི”བྱེད་སྟངས་དེ་ཡུས་ཧྲུའུ་གྲོང་ཁྱེར་ཡོངས་སུ་ཁྱབ་གདལ་དུ་གཏོང་བར་འཚོལ་ཞིབ་ནུས་ལྡན་བྱས་ཡོད།  

1630983417762174.png

ད་ལྟ། རི་ཞིག་སྒེའུ་གཞིས་ཁུལ་དུ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་དམངས་ཕན་ཞབས་ཞུའི་ལྟེ་གནས་ཡོད་ལ། སྨི500ཡི་ཁྱབ་ཁོངས་ནང་འཕྲོད་བསྟེན་ཁང་དང་ཁྲོམ་གཞུང་། སྡེ་ཁུལ། སློབ་ཆུང་། བུ་བཅོལ་ཁང་། སྤྱི་གླིང་མཛེས་ལྗོངས་ཁུལ་བཅས་ཡོད་པས་སྒྲིག་ཆས་འཐུས་ཚང་ཡིན་ལ་བྱེད་ནུས་ཀྱང་ཆ་ཚང་ཡིན། གཞིས་ཁུལ་དུ་སྤར་བའི་མང་ཚོགས་ཁྲོད་དུད་ཚང343གྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ལས་ཞུགས་གཞན་སྒྱུར་བྱས་ཡོད་པ་དང་།  གཞན་ཡང་མི260ཡིས་མུ་མཐུད་དུ་སྐྱེ་ཁམས་བདག་སྐྱོང་པའི་ལས་ཀ་སྒྲུབ་བཞིན་ཡོད། གཞིས་ཁུལ་གྱི་སྡོད་དམངས་རྣམས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བ་གསར་པར་རིམ་བཞིན་ལོབས་བཞིན་ཡོད་པ་མ་ཟད། ཕྱུག་འགྱུར་གྱི་ལམ་བུའི་སྟེང་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་མུས་རེད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།