མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། གྲོས་ཚོགས་སྟེང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ལོ་སྟོད་ཀྱི་ལས་དོན་ཕྱོགས་སྡོམ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གཏམ་བཤད་གནང་།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ལོ་སྨད་དུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྟན་བརླིང་ཁྲོད་དུ་འཕེལ་རྒྱས་བརྩོན་པའི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ། སེམས་ཤུགས་ཡོད་རྒུས་བརྩེ་སེམས་བཅངས་ནས་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་ཀྱི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བར་བྱེད་པ། ཞབས་ཞུ་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཛུབ་ཁྲིད་དང་ཁྲིད་སྟོན། ཞབས་ཞུ་བཅས་བྱེད་པའི་འགན་ནུས་ལག་བསྟར་བྱེད་པ་དང་། བཅོས་སྒྱུར་གྱི་སྟོན་ཕྱོགས་ལ་ཤུགས་སྣོན། “བདེ་ཐང་གཉིས”ལ་སྐུལ་འདེད་གཏོང་བར་གཞི་འཛུགས་པ། “སྤྱི་ཡོངས་གཉིས་”ཀྱི་མཐོ་ཚད་ཀྱི་སྟེང་ནས། དུས་རབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་འགན་ནུས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་ནུས་པར་ཤུགས་སྣོན་པ། སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཐད་བཏོན་པའི་བླང་བྱ་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ། མི་འདེམས་སྤྱོད་བྱེད་པའི་འགག་སྒོ་ནན་སྲུང་བྱེད་པ། བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཆེད་གཉེར་མགོ་ཁྲིད་ལས་བྱེད་པ་ལེགས་འདེམས་ཧྲག་སྒྲིག་བྱེད་པ། ནང་གནས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ལས་ཁུངས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “ས་གནས་བཞི”འཛུགས་སྐྲུན་རྣམ་པ་གསར་པའི་ནང་གང་མགྱོགས་ཀྱིས་ཚུད་པར་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་བྱས་རྗེས་གསར་བ་འཇོག་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།