རྨ་ལྷོ་ཁུལ་གྱིས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་ལ་ཤུགས་བསྣན་པ།

38dba6bf-b950-4bdb-a212-be154ca30652.tif.jpg

པར་རིས་འདི་ནི་ཟླ9པའི་ཚེས2ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་སྒྱུ་རྩལ་ཆ་ཚང་སློབ་ཆུང་གི་སློབ་མས་འཇིམ་བཟོའི་སྤྲོ་སྣང་འཛིན་གྲྭ་རུ་ལག་ཤེས་བརྩམས་ཆོས་བཟོ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་སྒྱུ་རྩལ་ཆ་ཚང་སློབ་ཆུང་ནི་མི་རིགས་སློབ་གྲྭ་ཞིག་ཡིན། ཟླ9པའི་ཚེས1ཉིན་སློབ་གྲྭས་སློབ་སྐབས་གསར་པ་བསུས་ཞིང་། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། སློབ་གྲྭས་རིག་གནས་སློབ་ཚན་གཙོ་བོར་བཟུང་པ་ལས་གཞན་ད་དུང“སྐོར་བྲོ”ཡི་ཞབས་བྲོ་་དེ་སློབ་གསེང་ལུས་སྦྱོང་དུ་བཀོད་སྒྲིག་བྱས་ཤིང་། རི་མོའི་ཟློས་གར། ཐང་ག་འབྲི་བ། འཇིམ་བཟོ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན་བཀོད་སྒྲིག་བྱས་པས། བྱིས་པ་ཚོས་སྔར་ལས་ལྷག་པར་ས་གནས་མི་རིགས་རིག་གནས་ལ་རྒྱུས་ལོན་ལེགས་པོ་བྱེད་ཐུབ།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།