རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི2021ལོའི་སྡོམ་རྩིས་ལྟ་སྐུལ་ཚན་ཆུང་ལྔ་པ་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་ཏེ་སྡོམ་རྩིས་ལྟ་སྐུལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པ་དང་། བློ་སྟོབས་ཆེར་སྐྱེད་ཀྱིས་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་བརྩོན་བཞིན་པའི་སྐབས་འདིར། ཏང་ཀྲུང་དབྱང་གི་སྡོམ་རྩིས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཕན་འབྲས་ལྡན་པའི་སྒོ་ནས་ལག་བསྟར་དངོས་འབེབས་བྱེད་པར་སྔར་ལས་སྐུལ་འདེད་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་བསྩལ་པ་བརྒྱུད། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི2021ལོའི་སྡོམ་རྩིས་ལྟ་སྐུལ་ཚན་ཆུང་ལྔ་པ་ཉེ་སྔོན་མཚོ་སྔོན་དུ་བཅའ་སྡོད་བྱས་ཏེ་སྡོམ་རྩིས་ལྟ་སྐུལ་བྱ་བ་སྤེལ་ཞིང་། ཟླ9པའི་ཚེས6ཉིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་འབྲེལ་གཏུག་གླེང་མོལ་བྱས། ལྟ་སྐུལ་ཚན་ཆུང་གི་ཚན་གཙོའམ་རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧྲེང་ལའེ་ཡུན་གྱིས་སྡོམ་རྩིས་ལྟ་སྐུལ་ལས་དོན་ཁག་བརྡ་ཁྱབ་བཏང་བ་དང་། བྱ་བའི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་འབྲེལ་གཏུག་གླེང་མོལ་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྙན་ཞུ་ཕུལ། 

ཝང་ཅན་ཅུན་གྱིས་རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་དུས་ཡུན་རིང་པོར་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོང་གིས་སྡོམ་རྩིས་ལྟ་སྐུལ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཛད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལྟ་རྟོག་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་རྩ་བའི་གཞི་འཛིན་སར་བྱས་ཏེ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། འགོག་ཟོན་དང་ཁྲིམས་གཅོད་ཀྱི་ཆབ་སྲིད་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་དགོས། སྡོམ་རྩིས་བཅའ་ཁྲིམས་ཀྱི་དབང་ཟིལ་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱེད་པ་དང་། སྡོམ་རྩིས་ལྟ་སྐུལ་གྱི“ཆབ་སྲིད་བརྟག་བཤེར”དང“ལག་རྩར་བརྟག་པའི”གོ་སྐབས་གཅེས་སྤྲས་བྱེད་པ། སྡོམ་རྩིས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་དྲིལ་སྒྲོག་བྱེད་པ་དམ་པོར་འཛིན་པ། ཕྱོགས་སོ་སོའི་འགན་འཁྲི་ནན་མོར་བྱེད་པ། ཁྲིམས་ལྟར་ཚན་རིག་དང་མཐུན་པར་སྡོམ་རྩིས་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྡོམ་རྩིས་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་དགོས་ཞེས་གསུངས། 

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོམ་རྩིས་བྱ་བའི་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡོམ་རྩིས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཁག་དངོས་འབེབས་བྱས། བློ་ཐག་ཆོད་པའི་རྣམ་འགྱུར་གྱིས་སྡོམ་རྩིས་རྫུན་བཟོ་རྫུན་སྒྲིག་ལ་འགོག་ཟོན་དང་ཁྲོམས་གཅོད་ནན་མོ་བྱས་ཏེ། སྡོམ་རྩིས་བྱ་བའི་ཆབ་སྲིད་རང་བཞིན་དང་ཚན་རིག་རང་བཞིན། དབང་ཟིལ་རང་བཞིན་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་། སྡོམ་རྩིས་གཞི་གྲངས་ཀྱི་དངོས་ཡོད་རང་བཞིན་དང་བདེན་དངོས་རང་བཞིན། ཡང་དག་རང་བཞིན་བཅས་མུ་མཐུད་དུ་མཐོར་བཏེགས་ནས། ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་དང་ལྡན་པའི་ཁེག་ཐག་མཁོ་འདོན་བྱས་ཡོད་ཅེས་ཞིན་ཁྲང་ཞིང་གིས་གསུངས། 

ཤེས་གསལ་ལྟར་ན། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི2021ལོའི་སྡོམ་རྩིས་ལྟ་སྐུལ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་དུ་དུས་ཡུན་ཉིན12ཡས་མས་ལ་སྡོམ་རྩིས་ལྟ་སྐུལ་བྱ་རྒྱུ་རེད། བཅའ་སྡོད་བྱེད་རིང་ལ། སྡོམ་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཞུ་གཏུག་ཁ་པར་བཙུགས་པ་ནི། 0971-6308663 ཞུ་གཏུག་འཕྲིན་སྒམ་ནི། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེརA158རྟགས་ཅན་སྦྲག་སྲིད་འཕྲིན་སྒམ་ཡིན། ཞུ་གཏུག་གློག་རྡུལ་ཡིག་ཟམ་ནི། 2021tjdc5@stats.gov.cn ཞུ་གཏུག་བདག་སྤྲོད་ཡུན་ཚད་ནི། 2021ལོའི་ཟླ9པའི་ཚེས7ནས་ཟླ9པའི་ཚེས18བར་ཡིན། བདག་སྤྲོད་དུས་སྐབས་ནི། ཉིན་རེའི་དུས་ཚོད9:00ནས11:30བར་དང་།14:00ནས18:00བར་ཡིན། 

ལྟ་སྐུལ་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན་དང་། ཞིང་ཆེན་མགོ་ཁྲིད་ལི་ཅེ་ཞང་དང་ཡུས་ཚུང་ལེ། ཁྲིན་རུའེ་ཧྥིན། ཞིང་ཆེན་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་འབྲེལ་གཏུག་གླེང་མོལ་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།