དུས་རབས་གསར་བའི་ཤེས་དཔལ་ཁྱོན་ཡོངས་ནས་སྐུལ་འདེད་ཏན་ཏིག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གཙང་ཞོལ་ཤང་ཏང་ཨུས《〈དགའ་བདེ་རྫོང་གི་དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཇུས་གཞི〉པར་འགྲེམས་བྱེད་པའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར། ཤང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཐོན་ཁུངས་བསྡུ་སྒྲིལ། ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ། ཤང་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས། དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ཁང་གི(ས་ཚིགས)འཛུགས་སྐྲུན་ཐད་ལ་ཧུར་ཐག་ངང་ཞུགས། དུས་རབས་གསར་བའི་ཤེས་དཔལ་ལག་ལེན་འཛུགས་སྐྱོང་གི་ལས་དོན་ལ་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་དྲིལ་བསྒྲགས་དང་མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་སེམས་ཁུར། མང་ཚོགས་ལ་ཞབས་ཞུ་བཅས་བྱེད་པའི“མཐའ་མའི་འགག་གནད”ཀྱི་གོམས་སྟབས་སྤོས།

གཅིག ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཤེས་དཔལ་གྱི་ལག་ལེན་གཡུལ་ས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། ལག་ལེན་དང་འཛུགས་སྐྲུན་ཐད་ལ་ཤང་ཏང་ཨུས་ད་ཡོད་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་ཤང་གི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། ཏང་ཡོན་གྱི་བྱེད་སྒོ་ལྟེ་གནས། དུས་རབས་གསར་བའི་ཚབ་མཚོན་དཔེ་ཁང་། མཐུན་སྦྱོར་ཅན་གྱི་གཡུལ་ས། སྙན་ཞུ་ཁང་། གཙང་ཞོལ་ཤང་སྨྱན་སྦྱོར་ཁང་སོགས་ཀྱི་ཐོན་ཁུངས་ནུས་ཤུགས་བསྡུ་སྒྲིལ་བྱས་ནས་གཏན་འཇགས་ཀྱི་ལག་ལེན་གཡུལ་ས་བཙུགས་པ་དང་། ཐོན་ཁུངས་སྡེབ་སྒྲིག་དང་སྨྱན་མང་ལག་རྩལ་གྱི་འགན་ནུས་ལ་བརྟེན་ཏེ། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ལས་སྟེགས་དང་། དྲ་རྒྱའི་ཞབས་ཞུའི་ལས་སྟེགས། སློབ་གསོའི་ཞབས་ཞུའི་ལས་སྟེགས། རིག་གནས་དང་ལུས་རྩལ་གྱི་ཞབས་ཞུའི་ལས་སྟེགས། བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཞབས་ཞུའི་ལས་སྟེགས། འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ལས་སྟེགས་སོགས་ལས་སྟེགས་ཆེན་པོ་དྲུག་ནུས་ཤུགས་ཡོད་རྒུས་བཏོད་ནས། དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ཁྲོད་གཙང་ཞོལ་ཤང་གི་རྒྱ་ཆེའི་མང་ཚོགས་ཚོའི་ཡིད་དབང་འཕྲོག་པའི་སྤྱི་བའི་རིག་གནས་བྱེད་སྒོ་སྤེལ་ཡུལ་ཞིག་ཏུ་འགྱུར་བར་བྱས་ཡོད།

གཉིས། ཁྱད་ཆོས་འབུར་དུ་བཏོད་དེ་ཤེས་དཔལ་ལག་ལེན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།གཙང་ཞོལ་ཤང་གི་དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)གིས་སྤྱི་ཕན་ཞབས་ཞུའི་དཔུང་ཁག་གཙོ་བོར་བྱས་ནས་ཤང་དང་སྡེ་བ་རིམ་པ་གཉིས་ཀྱི་སྤྱི་ཕན་ཞབས་ཞུའི་ཐོན་ཁུངས་བརྩོན་ལེན་དང་བསྡུ་སྒྲིལ་ཧུར་ཐག་བྱས་ཤིང་། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་སྤྱི་ཕན་ཞབས་ཞུ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ཞབས་ཞུ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་སྤྱི་ཕན་ཞབས་ཞུ། ཁྲིམས་སྐྱོང་དྲིལ་བསྒྲགས་སྤྱི་ཕན་ཞབས་ཞུ། རིག་གནས་དང་ལུས་རྩལ་སྒྱུ་རྩལ་གྱི་སྤྱི་ཕན་ཞབས་ཞུ། འབྲོག་ལས་ཀྱི་ཚན་རྩལ་ཁྱབ་སྤེལ་གྱི་སྤྱི་ཕན་ཞབས་ཞུ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤྱི་ཕན་ཞབས་ཞུ། སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་ཕན་ཞབས་ཞུ། སྤྱི་ཚོགས་དགེ་སྒྲུབ་ཀྱི་སྤྱི་ཕན་ཞབས་ཞུ། རིག་གནས་ཡུལ་སྐོར་གྱི་སྤྱི་ཕན་ཞབས་ཞུ་བཅས་སྤྱི་ཕན་ཞབས་ཞུའི་ཡན་ལག་རུ་ཁག་བཅུའི་རྣམ་པ་སྤྱད་ནས་ཆེད་ལས་ཅན་དང་སྤུས་ཚད་མཐོ་བའི་སྤྱི་ཕན་ཞབས་ཞུའི་དཔུང་ཁག་ཁག་གཅིག་བཏོད་དེ་མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་ཡོང་བར་བྱས། 

      གསུམ།  སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཤེས་དཔལ་གྱི་ལག་ལེན་བྱེད་སྒོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་པ། ཉེ་ཆར་གཙང་ཞོལ་ཤང་གི་དུས་རབས་གསར་བའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)གིས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་སྡེ་བའི“ཨུ་ཡོན་གཉིས”ཀྱི་ཚན་ཁག གདོང་ལེན་ཏང་ཡོན་བཅས་ལས་གྲུབ་པའི་ཏང་ཡོན་ལས་བྱེད་པ་བརྒྱ་ཕྲག་ལྷག་སྒྲིག་འཛུགས་བྱས་ནས་འཐབ་ཕྱོགས་དང་པོར་བསྐྱོད་དེ། ཁང་བ་ཉམས་གསོ་བརྟན་བཟོའི་ལས་འགན་དེ་ལས་དོན་གྱི་གལ་ཆེན་དུ་བརྩིས་པ་དང་། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ50ལྷག་ཙམ་སྒྲིག་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཕ་ཡུལ་ལ་ཐབས་འདོན་ཇུས་འབུལ་བྱས་ནས་གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གཞོན་ནུའི་སྟོབས་ཤུགས་འབུལ་དགོས། གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ནས་ཁེར་འདུག་བགྲེས་པོ་དག་ལ་སྡོད་ཁང་གསར་བ་བསྐྲུན་པ་དང་། ཤང་ཡོངས་ཀྱི“དོ་དམ་པ”བརྒྱ་ཕྲག་འགའ་སྒྲིག་འཛུགས་བྱས་ཏེ་ཉིན1གི་དུས་ཡུན་སྤྱད་དེ་སྲོག་ཆགས་སྲུང་སྐྱོབ་དང་རྩྭ་ས་བདེ་སྲུང་ཐད་ལ་རི་སྐོར་དང་འགན་སྲུང་སོགས་ཀྱི་སྤྱི་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་ནས་ཞིབ་ཕྲའི་ལག་ལེན་བྱེད་སྒོར་བརྟེན་ནས་དུས་རབས་གསར་བའི་ཤེས་དཔལ་དར་སྲོལ་ལ་སྣེ་ཁྲིད་བྱས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།