མཚོ་སྔོན་ཞིང་ཆེན་གྱིས“གནས་གཏན”ལས་ཁུངས71གཏན་ཁེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པར་བདེ་ཐང་སླར་གསོའི་ཞབས་ཞུ་མཁོ་འདོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ཞབས་ཞུའི་འབྲེལ་ཡོད་སྲིད་ཇུས་ནུས་ལྡན་ངང་དོན་འཁྱོལ་དང་།  དམངས་ལ་དོན་དངོས་སྒྲུབ་པའི་ནང་དོན་འབུར་ཐོན་དུ་བྱེད་པ། དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ཁྱིམ་ཚང་གི་བདེ་སྣང་གི་སེམས་ཤུགས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས2021ལོའི་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་གནས་གཏན་ཞབས་ཞུའི་ལས་ཁུངས་ཆ་འཕྲིན་རེའུ་མིག་ཁྱབ་བསྒྲགས་བྱས་ཏེ། “གནས་གཏན”ལས་ཁུངས71གཏན་ཁེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་བྱིས་པར་བདེ་ཐང་སླར་གསོའི་ཞབས་ཞུ་མཁོ་འདོན་བྱས།

ཤེས་གསལ་ལྟར་ན། དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་ཞབས་ཞུའི་སྒྲིག་གཞི་ནི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་སླར་གསོའི་ཞབས་ཞུ་མཁོ་འདོན་བྱ་ཡུལ་ཞིག་ཡིན་པ་དང་། དེའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ཐད་མིག་དབང་དང་། རྣ་དབང་། ཡན་ལག་བཅས་ཀྱི་དབང་བོར་སྐྱོན་ཡོད་པའི་བྱིས་པར་གཤགས་བཅོས་བྱ་རྒྱུ་དང་། མིག་དབང་དང་རྣ་དབང་། ཀླད་སྐྱོན། ཤེས་སྒྲིབ་བཅས་ཀྱི་བདེ་ཐང་སླར་གསོའི་སྦྱོང་བརྡར་དང་རམ་འདེགས་ཡོ་ཆས་སྒྲིག་སྦྱོར་སོགས་ཀྱི་དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་རྣམ་གྲངས་སོགས་ཡོད་ལ། དེས་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་བྱིས་པ་དང་དེའི་ཁྱིམ་ཚང་ལ་དུས་ལྟར་ནུས་ལྡན་དང་ཐག་ཉེ་སའི་བདེ་ཐང་སླར་གསོའི་ཞབས་ཞུ་འདོན་སྤྲོད་བྱེད་པར་ཁག་ཐེག་བྱས།

མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་གནས་གཏན་ལས་ཁུངས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་ཚོད་ལྟའི་ཞིང་ཆེན་བཞིའི་གྲས་ཤིག་ཡིན། 2020ལོར་མཚོ་སྔོན་ཞིང་ཆེན་གྱིས་ལོ་ཧྲིལ་པོར་དབང་བོ་སྐྱོན་ཅན་ཁྲི5.8ལ་གནད་སྨིན་སྨན་བཅོས་ཞབས་འདེགས་ཞུས་པས། བདེ་ཐང་སླར་གསོའི་ཞབས་ཞུ་བསྒྲུབས་ཚད99.66%ལ་སླེབས་ཡོད། དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་དེ་བཞིན་ཁྱིམ་ཚང་གི་བདེ་ཐང་སླར་གསོའི་ཞབས་ཞུར་བློ་ཡིད་ཚིམ་ཚད100%ལ་སླེབས་པས། དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་ཞབས་ཞུ་ཐུབ་ཚད99.74%སླེབས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།