མགོན་པོ་བཀྲ་ཤིས་ཀྱིས་མཚོ་ཤར་དང་རྨ་ལྷོ་རུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས3ཉིན་ནས་ཚེས4ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་དགོན་སྡེ་དང་ཁེ་ལས་སུ་སོང་ནས། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་སྒྲོག་བཤད་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་དང་། བོད་འབྲེལ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་སྤྱི་ཁྱོན་གཅིག་གྱུར་སྣེ་ཁྲིད་དང་བསམ་བློ་གཏིང་ཟབ་སྒོས་ང་ཚོ་ཏང་གིས་མི་རིགས་བྱ་བར་ཤུགས་བསྣོན་དང་བཅོས་སྐྱོང་གི་བསམ་བློ་གལ་ཆེན་ལ་འགྲེལ་བཤད་བྱས་ལ། ཚན་རིག་གི་སྒོ་ནས་དུས་རབས་གསར་བའི་མི་རིགས་བྱ་བས་དར་ཆ་ཅི་ཞིག་བསྒྲེང་བ་དང་བགྲོད་ལམ་ཅི་ལྟ་བུའི་སྟེང་བསྐྱོད་པ་སོགས་ཀྱི་གནད་དོན་ལ་དྲིས་ལན་བཏབ་ཡོད་པས། དུས་རབས་གསར་བའི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་བརྩི་གཞི་ཡིན། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་བསྣོན་དང་བཅོས་སྐྱོང་གི་བསམ་བློ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ལངས་ཕྱོགས་འཆར་འགོད་དང་དམ་དུ་འབྲེལ་ནས། ཚད་གཞི་མཐོ་བའི་སྐུལ་འདེད་དང་སྦྲེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་འབུར་དུ་བཏོད་དེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱ་བ་ཟབ་སྤེལ་དུ་གཏོང་བ་དང་། “ལྕེ་རྩེའི་ཕྱེ་ཐུག”དང“སོར་རྩེའི་གཙགས་དྲུབ”སོགས་མི་རིགས་འགྲོ་འོང་མཉམ་འདྲེས་ཀྱི་ཟོང་རྟགས་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། རིགས་སོ་སོའི་མི་རིགས་ཀྱི“ངོས་ལེན་ལྔར”སྐུལ་འདེད་གཏོང་དགོས་ཞེས་བསྟན། 

མགོན་པོ་བཀྲ་ཤིས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མུ་མཐུད་དུ་བོད་བརྒྱུད་ནང་བསྟན་དགོན་སྡེའི“དགོན་པ་གཅིག་ལ་སྲིད་ཇུས་གཅིག”གི་དོ་དམ་ཤུགས་དྲག་ཏུ་བཏང་ནས། སྤྲུལ་སྐུའི་ལམ་ལུགས་སྲིད་ཇུས་ཁྲིམས་སྲོལ་དྲིལ་སྒྲོག་ལག་བསྟར་དང་། དགོན་སྡེའི་དོ་དམ་སྟོབས་ཤུགས་ལ་ཤུགས་བསྣན་ཏེ། ཆོས་ལུགས་ཚོགས་པར“ཆོས་སྲོལ་འཛུགས་སྐྲུན་ལོའི”བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་།ལོ་རྒྱུས་རིག་དངོས་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ། བོད་འབྲེལ་བྱ་བའི་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སྲུང་དང་ཞི་འཇགས་སུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་དང་།སྤྱི་ཚོགས་གཏན་འཇགས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་པོ་ཡོང་བར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།