Aརིམ་པའི་མཛེས་ལྗོངས་ཁུལ37ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས་5ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ37ལ་ཕྱོགས་གསུམ་པའི་ལས་ཁུངས་ཀྱིས་བསྐྱར་བཤེར་ཞིབ་དཔྱད་བྱེད་རྒྱུ་རེད།

བསྐྱར་ཞིབ་རྒྱུད་རིམ་ཁྲོད། ཞིབ་བཤེར་ཚོགས་ཆུང་གིས་གཙོ་བོརAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་དོ་དམ། ཡུལ་སྐོར་ཞབས་ཞུ། ཡིད་རྟོན་ཞབས་ཞུ། གསང་སྤྱོད་གསར་བརྗེ། ཁོར་ཡུག་འཕྲོད་བསྟེན། འགྲེལ་བཤད་ཞབས་ཞུ། ཁ་ཆད་དོ་དམ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་སོགས་ཀྱི་ཐད་བསྐྱར་ཞིབ་བྱེད་རྒྱུ་ཡིན་པ་མ་ཟད། ཉེ་ལམ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ལས་ཀའི་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ། རྒྱུན་ལྡན་ཅན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་ ཁ་ཆད་དོ་དམ། བདེ་འཇགས་དོ་དམ་སོགས་ཀྱི་ནང་དོན་ལ་ཞིབ་བཤེར་བྱེད་རྒྱུ་རེད།  །  

ཐེངས་འདིའི་བསྐྱར་ཞིབ་ལས་དོན་མཇུག་འགྲིལ་རྗེས། རིག་གནས་ཡུལ་སྐོར་སྡེ་ཁག་གིས་གནད་དོན་ཡོད་པའི་མཛེས་ལྗོངས་ཁུལ་ལ་འབྲེལ་ཡོད་ཚད་གཞི་དང་གཏན་འབེབས་ལྟར་རིམ་པ་ཇེ་དམའ་རུ་གཏོང་བ་དང་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་བརྡ་གཏོང་རྒྱུ་རེད། གཞན་གཉེར་མཚམས་བཞག་པའི་བྱ་སྤྱོད་དང་། ཡུལ་སྐོར་གྱི་ནུས་པ་ཤོར་བའམ་ཡང་ན་གཉེར་མཚམས་བཞག་ནས་ལོ་གཅིག་ཡན་འགོར་པའིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རིམ་པ་མེད་པར་བཟོ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།