ལིའུ་ཐའོ་ཡིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས2ནས་ཚེས3ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་རྨ་ལྷོ་ཁུལ་གྱི་ས་ཞིང་གི་རྒྱུན་གཏན་ལྟ་ཞིབ་ཀྱི་བརྡ་ལན་གནད་དོན་དག་ཐེར་དང་། གཏེར་རིའི་སྐྱེ་ཁམས་སླར་གསོ། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར། ཀླུ་ཆུའི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བར་ཕྱིན་པ་དང་། རོང་བོ་དགུ་ཆུར་སྐོར་ཞིབ་གནང་སྟེ། གནད་དོན་དག་ཐེར་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་ལེགས་པོར་སྐྱོད་དགོས་པར་ནན་གྱིས་བསྟན།

ལིའུ་ཐའོ་ཡིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་གད་སྙིགས་གཙང་སེལ་བཅོས་སྒྲིག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔ་མོ་ནས་ཞིབ་འཇུག་བྱེད་པ་དང་རང་འགུལ་གྱིས་བརྩོན་ལེན་བྱེད་པ། དབྱེ་འབྱེད་འདེམས་སྒྲུག་དང་གཙང་སེལ་བྱེད་སྟངས་འཚོལ་ཞིབ་བྱེད་པ། སྦག་བཙོག་ཐེངས་གཉིས་པ་མི་འབྱུང་བར་བྱེད་པ། དཔྱད་དཔོག་ཕན་འབྲས་རྗེས་སྙེག་བྱེད་པ། གནད་སྨིན་འཐུས་ཚང་གི་ཉམས་མྱོང་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། གད་སྙིགས་ཐག་གཅོད་ཀྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས། ས་ཞིང་རྒྱུན་གཏན་ལྟ་ཞིབ་ཀྱི་བརྡ་ལན་གནད་དོན་ལ་དམ་པོར་དམིགས་པ་དང་། ཞིབ་ཕྲའི་གནད་དོན་ལ་ཞིབ་ཕྲའི་དབྱེ་ཞིབ་བྱེད་པ། བྱེད་ཐབས་ལ་ཤུགས་སྣོན་པ། ནུས་ཤུགས་ཡོད་རྒུས་དག་ཐེར་བྱེད་པ། གསར་སྤེལ་ལ་མཐོང་ཆེན་དང་སྲུང་སྐྱོང་ལ་སྣང་ཆུང་། འགན་ལེན་ལ་མཐོང་ཆེན་དང་ལྟ་སྐུལ་དོ་དམ་ལ་མཐོང་ཆུང་བྱེད་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། རྨོ་ཞིང་གིས་བདག་བཟུང་བྱེད་ཚད་དང་ཡུན་རིང་གཞི་རྩའི་ཞིང་ས་སྲུང་སྐྱོང་གི་རྒྱ་ཁྱོན་ལ་དམ་སྲུང་བྱེད་དགོས། འབྱུང་རྩའི་འགན་འཁྲི་བསྒྲུབས་ཏེ་ཀླུ་ཆུའི་ཆུ་མགོ་དང་རོང་བོ་དགུ་ཆུའི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། མིའི་ཐབས་ལ་བརྟེན་ནས་ནགས་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་དངོས་ལ་གཅེས་སྤྲས་དང་སྔོ་ལྗང་སྲུང་སྐྱོང་ལ་ཁྲིད་སྟོན་བྱེད་པ། ལྗང་མདོག་རེ་རེ་སྲུང་སྐྱོང་བཟང་པོ་བྱེད་པ་བཅས་བྱས་ནས། མཚོ་སྔོན་གྱི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བཟང་པོ་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།