རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་ལྔ་བས་མཚོ་སྔོན་ཞིང་ཆེན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་ལྔ་བས་མཚོ་སྔོན་ཞིང་ཆེན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་དགུ་པའི་ཚེས་བཞི་ཉིན་ཟི་ལིང་ནས་བསྡུས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་ཅི་ལེན་གྱིས་ཏང་ཀྲུང་དབྱང་གི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ལྟ་སྐུལ་མཛུབ་སྟོན་གྱི་ལས་འགན་དང་བྱ་བའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱི་གཏམ་བཤད། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་ལྔ་བའི་ཚན་གཙོ་གཞོན་པ་མཱ་ཀྲིན་ཆི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཅི་ལེན་གྱིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེ་ཡི་སློབ་གསོ་དག་ཐེར་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། སྐོར་ཐེངས་དང་པོའི་སློབ་གསོ་དག་ཐེར་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་། སྐོར་ཐེངས་གཉིས་པའི་སློབ་གསོ་དག་ཐེར་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ཞིང་ཆེན་རིམ་པའི་སྲིད་ཁྲིམས་ལས་ཁུངས་ནི་ཆབ་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་ཁུངས། མིག་དཔེ་ལས་ཁུངས་ཡིན་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱིས་སྔ་རྗེས་རྒྱུན་མཐུད་བྱེད་པའི་གནད་འགག་རིམ་པ་ཡིན། སྐོར་ཐེངས་གཉིས་པའི་སློབ་གསོ་དག་ཐེར་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། འཆར་འགོད་བཀོད་སྒྲིག་ལ་ཤུགས་སྣོན་པ། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། མིག་སྔར་གྱི་བྱ་བ་གཙོ་བོར་རྐང་འཛུགས་པ་དང་། འགོ་ཚུགས་ས་མཐོན་པོ་དང་ཚད་གཞི་མཐོན་པོས་བརྟག་བཤེར་དང་དག་ཐེར་ལེགས་བཅོས་སྤེལ་བ། རང་བཤེར་རང་བཅོས་ཀྱི་ནང་ཤུགས་ཆེར་སྐྱེད་པ། རྩ་འཛུགས་ཀྱི་ཞིབ་བཤེར་རྩད་གཅོད་ཟིལ་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། སྐྱོན་ཆ་བཅོས་སྐྱོང་བྱེད་པའི་ཕན་ནུས་མཐོར་འདེགས་གཏོང་བ། རྩ་འཛུགས་འགན་སྲུང་གི་མཉམ་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་ནས། ཆབ་སྲིད་དང་བསམ་བློ། སྤྱོད་ཚུལ། དམག་འཐབ་ནུས་པ་སོགས་ཕྱོགས་སོ་སོ་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། མཉམ་ལས་གཞོགས་འདེགས་དམ་ཟབ་ཏུ་གཏོང་བ་དང་། བྱ་བའི་བརྗེ་རེས་རྐྱེན་སྲོལ་འཛུགས་པ། ཀྲུང་དབྱང་གི་ལྟ་སྐུལ་ཚན་ཆུང་གིས་སྤྲད་པའི་བྱ་བ་ལག་བསྟར་བྱས་ཏེ། སློབ་གསོ་དག་ཐེར་གྱི་བྱ་བའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ལྟ་སྐུལ་མཛུབ་སྟོན་གྱི་གཙོ་གནད་ལྟར། སྐུལ་འདེད་དང་མཛུབ་སྟོན། མཐུན་སྦྱོར། སྐུལ་སྤེལ་གྱི་ནུས་པ་འདོན་སྤེལ་བྱེད་པ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་ཁྲིམས་སྡེ་ཁག་གི་ཏང་ཙུའུ་དང་མཉམ་དུ་ཤུགས་འདོན་པ། ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྦྱོར་དམ་ཟབ་སྒོས་ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས།

ཝང་ཅན་ཅུན་གྱིས་བསྟན་དོན། སློབ་གསོ་དག་ཐེར་ནི་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཡིན་པས། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་སྣ་ཚོགས་དང་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བྱ་བའི་རེ་བ་ལག་བསྟར་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་བྱེད་རྒྱུ་དེ་གོ་གནས་དང་པོར་འཇོག་པ། ཆབ་སྲིད་རྩ་དོན་གྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། སློབ་གསོ་དག་ཐེར་གྱི་ཆབ་སྲིད་འགན་འཁྲི་དང་གཙོ་གཞི་འགན་འཁྲི་ཕྲག་ཏུ་བླངས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ཀྲུང་དབྱང་གི་མངག་བཅོལ་ལྟར་མཚོ་སྔོན་དུ་ཡོང་ནས་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་བ་དང་། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་རེ་བ་ནི་ཀྲུང་དབྱང་གི་རེ་བ་ཡིན་པས། རང་འགུལ་གྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བྱ་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱིས་བྱ་བའི་སྙན་ཞུ་ཕུལ་དགོས་བ་མ་ཟད། ལྟ་སྐུལ་དང་ལེན་བྱེད་པ་དང་། ཁྲིམས་སྲོལ་ལྟར་མི་དང་བྱ་བར་ལྟ་སྟངས་འཛིན་པ་མ་ཟད། གཟབ་ལྷོད་གཉིས་སྡེབས་ཀྱིས་འགན་འཁྲི་རྩད་གཅོད་བྱེད་པ། མྱུར་བཤེར་མྱུར་སྒྲུབ་རྒྱུན་འཁྱོངས་བྱེད་པ་མ་ཟད། སྤུས་ཚད་ལ་ཁག་ཐེག་བྱས་ནས། ཧུར་ཐག་གིས་ལྟ་སྐུལ་མཛུབ་སྟོན་དང་ལེན་བྱེད་པའི་གོ་རིམ་དེ་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་དངོས་ལ་བསྒྱུར་དགོས། སློབ་གསོ་དག་ཐེར་ནི་རང་ཉིད་གསར་བརྗེ་བྱེད་པའི་ལས་འགན་ཆེན་པོ་ཡིན་པས། རྣམ་འགྱུར་བཟང་བོས་སློབ་གསོ་དག་ཐེར་ལ་ལྟ་སྟངས་འཛིན་པ་དང་། དོ་སྣང་ཆེན་པོས་སློབ་གསོ་དག་ཐེར་དམ་འཛིན་བྱེད་པ། བསམ་འཆར་བསྡུ་ལེན་བྱེད་པའི་སེམས་ཤུགས་ཀྱིས་སློབ་གསོ་དག་ཐེར་ལ་སྐུལ་འདེད་གཏོང་བ། གྱོད་གཞིའི་ཐོད་བརྒལ་ལ་བརྟེན་ནས་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པ། སྔོན་ཐོན་དཔེ་སྟོན་འཛུགས་པར་བརྟེན་ནས་སློབ་གསོ་དག་ཐེར་གྱི་དབྱངས་རྟ་གཙོ་བོ་དཀྲོལ་ནས། སྟོབས་ཤུགས་ཡོད་རྒུས་རང་ཉིད་གསར་བརྗེ་བྱེད་པའི་མཚོ་སྔོན་གྱི་བྱ་བ་བཟང་བོ་སྒྲུབ་ཐུབ་པར་བྱེད་དགོས།

ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱིན་པེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས།

ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཐིན་ཅཱ་ཚེ་དང་ཡུས་ཚོང་ལི། ལིས་ཧོང་ཡ། ཀྲང་ཙིག་ཅུན་བཅས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།