མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ8སྐོར་གསར་པའི“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་རྡལ”དུ་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་ལྟར་ན། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་དང་ཕན་འབྲས་ཇེ་ཆེར་གཏོང་ཆེད། ཉེ་ཆར་རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་མཉམ་དུ་སྐོར་གསུམ་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་ཞིང་སྡེའི་མིང་ཐོ199དང་སྐོར་དང་པོའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་རྡལ(ཤང)100ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ8བདམས་ཐོན་བྱུང་། 

རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་ཞིང་སྡེ་དང་གྲོང་རྡལ་སྐོར་གསར་པའི་མིང་ཐོའི་ཁྲོད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲོ་པེ་བོད་རིགས་ཤང་ཏུང་ཀྲི་ཀོའུ་སྡེ་བ་དང་། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་ཚེ་མགུར་གྲོང་རྡལ་ཨན་ཏ་ཆི་ཧ་སྡེ་བ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བཙན་མོ་ཤང་བཙན་མོ་སྡེ་བ། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཀའོ་མིའོ་གྲོང་རྡལ་ཞིན་ཀྲོང་སྡེ་བ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་མཐུན་སྒྲིལ་སྡེ་བ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའེ་ཡོན་གྲོང་རྡལ། ཟི་ལིང་གྲོང་ཁྱེར་ཧུང་ཡོན་རྫོང་ཉི་ཟླ་བོད་རིགས་ཤང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཤང་བཅས་མིང་ཐོ་རུ་ཚད་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་ཞིང་སྡེ་འཛུགས་སྐྲུན་ལ་དམིགས་ནས་གྲོང་གསེབ་ཡུལ་སྐོར་གྱི་སྤུས་ལེགས་རྣམ་གྲངས་དང་སྤུས་དག་ལམ་ཐིག དུས་སྟོན་བྱ་འགུལ་བཅས་རབ་དང་རིམ་པ་སྤེལ་བས། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས། རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་ལེ་ལག་ཚང་བའི་སྒྲིག་ཆས་དང་མ་དངུལ་གཏོང་ཚད། དྲིལ་བསྒྲགས་ཁྱབ་གདལ། ཤེས་ལྡན་པ་གསོ་སྦྱོང་སོགས་ཀྱི་ཕྱོགས་ནས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་ཞིང་སྡེ་དང་གྲོང་རྡལ་གྱི་སྲིད་ཇུས་རྒྱབ་སྐྱོར་ལ་སྔར་ལས་ཤུགས་བསྣན་ཏེ་གཙོ་གནད་ཞིང་སྡེ་དང་གྲོང་རྡལ་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།  །

1.jpg

པར་འདི་ནི་ཧྲོ་པེ་བོད་རིགས་ཤང་ཏུང་ཀྲི་ཀོའུ་སྡེ་བ་རེད།

3.jpg

པར་འདི་ནི་ཚེ་མགུར་གྲོང་རྡལ་ཨན་ཏ་ཆི་ཧ་སྡེ་བ་རེད།

4.jpg

པར་འདི་ནི་བཙན་མོ་ཤང་བཙན་མོ་སྡེ་བ་རེད།

src=http-%2F%2Fwww.qhwang.com%2Fwp-content%2Fuploads%2F2019%2F11%2FlemuO7MrxQpdMa9WLWiboTaAes0L9ZCMfrxWxqK0h8RCsRj2xEbP5vapCvOGLTHUXkkbTOstV2pAEY82aozvRdA.jpg&refer=http-%2F%2Fwww.qhwang.jpg

པར་འདི་ནི་ཀའོ་མིའོ་གྲོང་རྡལ་ཞིན་ཀྲོང་སྡེ་བ་རེད།

6.jpg

པར་འདི་ནི་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་མཐུན་སྒྲིལ་སྡེ་བ་རེད།

63ee-c83fa06472910065874eec8ded0adbca.jpg

པར་འདི་ནི་ཧུའུ་ཀྲུའུ་རྫོང་ཝུའེ་ཡོན་གྲོང་རྡལ་རེད།

2.jpg

པར་འདི་ནི་ཧུང་ཡོན་རྫོང་ཉི་ཟླ་བོད་རིགས་ཤང་རེད།

src=http-%2F%2Fm.tuniucdn.com%2Ffb2%2Ft1%2FG2%2FM00%2F74%2FD2%2FCii-T1jsUNyIY86RAAoAgmIoJAEAAJIKwK0DUgACgCa352_w640_h480_c1_t0.jpg&refer=http-%2F%2Fm.tuniucdn.jpg

པར་འདི་ནི་ཁྲི་ཀ་རྫོང་དཀར་བརྗིད་ཤང་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།