མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནད་རིགས་ཆེ་གྲས་དང་ས་གནས་ནད་རིགས་འགོག་བཅོས་སམ་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནད་རིགས་ཆེ་གྲས་དང་ས་གནས་ནད་རིགས་འགོག་བཅོས་སམ་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ནད་རིགས་ཆེ་གྲས་དང་ས་གནས་ནད་རིགས་འགོག་བཅོས། པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་པའི་བྱ་བའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། རྗེས་མའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་དང་པོ་དང་ཚེ་སྲོག་དང་པོར་འཇོག་པ་རྒྱུན་འཁྱོངས་དང་། ཏན་ཏིག་གིས་ནད་རིགས་ཆེ་གྲས་དང་ས་གནས་ནད་རིགས་འགོག་བཅོས་བྱ་བའི་འབྲེལ་ཡོད་བླང་བྱ་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དུས་མཚུངས་སུ། ནད་རིགས་ཆེ་གྲས་དང་ས་གནས་ནད་རིགས་འགོག་བཅོས་བྱ་བར་ཕན་འབྲས་མངོན་གསལ་བླངས།

ཚོགས་འདུས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཡོལ་སེམས་མཐའ་གཅིག་ཏུ་ཁྱད་དུ་བསད་དེ། གནད་དོན་གྱི་མི་འདང་སར་བལྟས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་སྐབས་ཀྱི་ནད་རིགས་ཆེ་གྲས་དང་ས་གནས་ནད་རིགས་འགོག་བཅོས་ཚོད་འཛིན་བྱ་བ་གཅིག་གྱུར་བཟང་བོ་བྱེད་དགོས། ཉེན་ཁའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ས་གནས་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། གཙོ་གནད་ས་ཚིགས་དང་གཙོ་གནད་མི་ཚོགས་ཀྱི་ཉེན་ཁའི་རྩད་ཞིབ་བྱ་བ་སྤེལ་ནས། འགོག་བཅོས་ཚོད་འཛིན་གྱི་རང་བདག་དབང་ཆ་ཁོང་དུ་ཆུད་པར་བྱེད་དགོས། མགོ་ཁུངས་ཚོད་འཛིན་ཤུགས་དྲག་ཏུ་གཏོང་བ་དང་། སྔོན་འགོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རིམས་འགོས་ཁུངས་དང་བརྒྱུད་སྒྲོག་ཐབས་ལམ། འགོ་སླ་བའི་མི་ཚོགས་ལ་དམིགས་གཏད་རང་བཞིན་གྱི་འགོག་བཅོས་བྱེད་ཐབས་བཟོས་ནས། མགོ་ཁུངས་སུ་སྔོན་འགོག་དང་རིམས་ནད་བྱུང་ཚད་ཇེ་ཉུང་དུ་གཏོང་དགོས། འགོག་བཅོས་ཚོད་འཛིན་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གཞི་རིམ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། གཞི་རིམ་ཆེད་ལས་དཔུང་ཁག་གསོ་སྐྱོང་འཛུགས་སྐྲུན་དང་། གཞི་རིམ་སྤྱི་བའི་འཕྲོད་བསྟེན་སྔོན་བརྡའི་ལྟ་སྐུལ་ཚད་ལེན་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མ་དངུལ་དང་མི་སྣ་སོགས་ཀྱི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ཤུགས་དྲག་ཏུ་གཏོང་བ་དང་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས། གནད་དོན་རྩད་འདྲིའི་འགན་འཁྲི་དོན་འཁྱོལ་གཟབ་ནན་བྱེད་དགོས། འགོག་ཁབ་རྒྱག་པའི་གྲུབ་འབྲས་རྒྱ་བསྐྱེད་སྲ་བརྟན་དང་།  པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་པའི་བྱ་བ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ནས་སྤེལ་ཏེ།ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལྕགས་རི་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།