མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་ཐེངས་དང་པོའི་ཀྲུའུ་རེན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་ཐེངས་དང་པོའི་ཀྲུའུ་རེན་གྲོས་ཚོགས་དང་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་སྤྱོད་བཅོས་སྐྱོང་བརྙན་རིས་སྐུལ་འདེད་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་ཐེངས་དང་པོའི་ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དང་། ལས་རིགས་ཆེན་པོ་བཞིའི་ཁྱབ་ཁོངས་བཅོས་སྐྱོང་སྐུལ་འདེད་ཚོགས་འདུ། ཞིང་ཆེན་ནག་འཇོམས་ངན་སེལ་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱས་ཤིང་། དེང་སྐབས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། 

ཚོགས་འདུས་བསྟན་དོན། ད་ལོ་ནི་ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་གྱི་མགོ་རྩོམ་པའི་ལོ་ཡིན་ཞིང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏན་ཏིག་གིས་ཞིང་ཆེན་མགོ་ཁྲིད་ཚན་ཆུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་བྱ་བ་དོན་འཁྱོལ་བྱེད་པ་དང་། “རྒོལ་རྡུང་དང་འགོག་པ། དོ་དམ། འཛུགས་སྐྲུན”བཅས་དང་དམ་དུ་འབྲེལ་ནས། ལོ་ངོ་གཅིག་གི་དུས་ཡུན་ནང་གཅིག་བསྡུས་སྒོས་བཅོས་སྐྱོང་ཆེད་སྤྱོད་བྱ་འགུལ་རྩ་འཛུགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི“དཀའ་ཁག་སེལ་རོགས་བྱེད་པར་སྒུག་པའི”གནད་དོན་དང“མགོ་ན་བའི”གནད་དོན་ཐག་གཅོད་བྱེད་དགོས། ཁྲིམས་འགལ་ནག་ཉེས་ལ་རྒོལ་རྡུང་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་གནད་དོན་བཅོས་སྐྱོང་། ལས་རིགས་ཀྱི་སྣང་ཚུལ་མི་ལེགས་པ་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན། 

ཚོགས་འདུས་ནན་གྱིས་བསྟན་དོན། རྒྱུན་རྣམ་ཅན་དང་སྒྲིག་སྲོལ་ཅན་གྱི་བླང་བྱར་དམིགས་ནས། སྒྲིག་སྲོལ་སྒྲིག་འཛུགས་ལ་ཤུགས་བསྣན་ནས། ནག་འཇོམས་ངན་སེལ་འཐབ་རྩོད་དང་སྲིད་ཁྲིམས་དཔུང་ཁག་སློབ་གསོའི་དག་ཐེར་གཉིས་མཐུད་སྦྲེལ་ལེགས་པོ་བྱེད་པར་སྣེ་ཁྲིད་དེ། ལས་རིགས་ལྟ་སྐུལ་དོ་དམ་འགོག་བཅོས་ཚོད་འཛིན་སྒྲིག་སྲོལ་ཇེ་ལེགས་སུ་བཏང་ནས། སྲིད་འཛིན་ཁྲིམས་ལུགས་ལག་བསྟར་དང་ཉེས་དོན་ཁྲིམས་འཛིན་གཉིས་མཐུད་སྦྲེལ་བྱེད་པ་དང་། ཁྱོན་ཡོངས་ནས་སྲིད་ཁྲིམས་དཔུང་ཁག་གསར་སྐྲུན་བྱས་ཏེ། སྤྱི་ཚོགས་གཏན་འཇགས་རྒྱུན་འཁྱོངས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་འབད་དགོས་ཞེས་བསྟན། 

ཚོགས་འདུའི་སྟེང་། བརྡ་འཕྲིན་དྲ་རྒྱ་དང་རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་སྐྲུན་འཛུགས་སྐྲུན། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་འགན་ཁུར་བློ་མཐུན་གྱིས་ལས་རིགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ཐད་བཀོད་སྒྲིག་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།