ལིའུ་ཐའོ་ཡིས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་ཁོངས་གཏོགས་བྱ་གཞག་ལས་ཁུངས་སུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞིང་ཆེན་རྡུལ་ཕྲན་བཟོ་ལས་ས་གཤིས་ཅུའུ་དང་། ཞིང་ཆེན་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུའུ། ཞིང་ཆེན་མདོག་ལྡན་ས་གཤིས་གཏེར་རྫས་རྩད་ཞིབ་ཅུའུ། ཞིང་ཆེན་ཁོར་ཡུག་ས་གཤིས་རྩད་ཞིབ་ཅུའུ་བཅས་སུ་བསྐྱོད་དེ། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ཁོངས་གཏོགས་བྱ་གཞག་ལས་ཁུངས་ཀྱིས་སྒྱུར་བཅོས་དང་འགན་སྒྲུབ་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

ལིའུ་ཐའོ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་འཛིན་པ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་གཞི་འཛུགས་པ། “སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ”གཏོད་པར་དམིགས་པ། “ས་ཁུལ་བཞིའི”འཛུགས་སྐྲུན་ལ་དམིགས་པ། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམ་པོར་དམིགས་པ། རང་ངོས་ཀྱི་ངེས་གནས་ཁ་གསལ་བཟོ་བ་བཅས་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏན་འཁེལ་བྱེད་པའི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པར་བསྟན།

ལིའུ་ཐའོ་ཡིས་དུས་ཡུན་རིང་པོའི་ནང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ཁོངས་གཏོགས་ས་གཤིས་རྩད་ཞིབ་མ་ལག་གིས“ས་གཤིས་ཀྱི་གཟི་བརྗིད་གསུམ”གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལས་དོན་ཏན་ཏིག་སྒྲུབ་པ་དང་ལས་ཀར་ཧུར་ཐག་གིས་གཞོལ་ནས་དཀའ་སྤྱད་འཚོལ་ཞིབ་དང་། སྒྱུར་བཅོས་ཕྱོགས་སྒྱུར། ཚད་བརྒལ་གལ་ཆེན་བཅས་ཀྱི་དུས་སྐབས་བརྒྱུད་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་བྱ་བའི་ཤུགས་སྣོན་ས་འཚོལ་ཞིབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁེ་ལས་དང་ལས་དོན་ལས་ཁུངས་མི་བགོ་བ་དང་། འགན་འཁྲི་དང་སྒྲིག་གཞི་གཅིག་མཚུངས་བྱེད་པ། ངེས་གནས་ཁ་གསལ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། སྔོན་སྐྱོད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། “གཅིག་གྱུར་གཉིས་སྒྲུབ”ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་ཁྲོད་བྱས་རྗེས་འཇོག་པ་དང་། རྒྱལ་ཁབ་ཀྱི་ཐོན་ཁུངས་དང་ནུས་ཁུངས་འགན་ལེན་ཁྲོད་བྱས་རྗེས་འཇོག་པ། རང་བྱུང་ཐོན་ཁུངས་དོ་དམ་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱས་རྗེས་འཇོག་པ། མུ་མཐུད་དུ་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཁྲོད་བྱས་རྗེས་འཇོག་པ་བཅས་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།