ད་ལོར་གཞུང་ལམ་རྣམ་གྲངས9འཆར་གཞི་ལྟར་ལས་སྤྲོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱིས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྐྲུན་བཞིན་པའི་འཛུགས་སྐྲུན་ལས་དོན་རྣམ་གྲངས22ནུས་ཤུགས་ཡོད་རྒུས་ཇེ་མགྱོགས་སུ་བཏང་།

མིག་སྔའི་བར། ལོ་ཧྲིལ་པོའི་འཆར་གཞིའི་ནང་རྩིས་སྤྲོད་བྱས་པའི་རྣམ་གྲངས9ཡི་ནང་། རྒྱལ་ལམ310གི་གཅན་ཚ་ནས་གུང་ཧོ་བར་གྱི་གཞུང་ལམ་བཟོ་སྐྲུན་གྱི་མར་ཁུ་ཐང་ནས་གདོང་སྣའི་ཡན་ལག་ལམ་ཐིག་དང་། མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ལང་ཐང་ནས་ཧུང་ཧྭ་བར་གྱི་གཞུང་ལམ་ཞིབ་བཤེར་རྩིས་ལེན་བྱས་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་། ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་ནུས་བསྐྱེད་སྒྱུར་བཀོད་བཟོ་སྐྲུན་རྣམ་གྲངས(ཐང་ཁྲོན་གྲོང་རྡལ་གྱི་སན་ཆུས་སྡེ་བ་ནས་ཧུའུ་ཀྲུའུ་ལྷོ་ཕྱོགས་ཀྱི་ལམ་དུམ)དང་། ཟི་ལིང་གྲོང་སྐོར་གཞུང་ལམ་གྱི་ཤར་རྒྱུད་ལམ་གྱི་ལིའུ་ཝན་སྦྲེལ་མཐུད་བྱེད་པའི་ཕིན་ཨན་ཤར་ཕྱོགས་ཀྱི་ལམ་དུམ་བཟོ་སྐྲུན་རྣམ་གྲངས། རྒྱལ་ཁབ་མྱུར་བགྲོད་གཞུང་ལམG0611གི་ཀྲང་ཡེ་ནས་ཝུན་ཁྲོན་བར་གྱི་གཞུང་ལམ་མཚོ་སྔོན་པེན་ཏུའུ་འགག་ནས་མིན་ཡོན་བར་གྱི་རྣམ་གྲངས(ཧའོ་མིན་ནས་ཁུ་ཐུའུ་བར)། རྒྱལ་ལམ338ཁུ་ཐུའུ་ནས་མིན་ཡོན་བར་གྱི་གཞུང་ལམ་རྣམ་གྲངས། ཞིང་ཆེན་གཞུང་ལམ308ལམ་ཐིག་གི་ཏཱ་ཅའོ་མན་ནས་མགར་རྩེ་བར་གྱི་གཞུང་ལམ་བསྐྱར་སྐྲུན་བཟོ་སྐྲུན་རྣམ་གྲངས། རྒྱལ་ལམ213ལམ་ཐིག་གི་ཆི་ལེན་རྫོང་མཁར་གྱི་བཞི་མདོ་ནས་འཇུ་ལག་གཙང་བོའི་བར་གྱི་གཞུང་ལམ་རྣམ་གྲངས། རྒྱལ་ལམ109ལམ་ཐིག་གི་ལི་ཏུའུ་ནས་ཕིན་ཨན་བར་གྱི་གཞུང་ལམ་རྒྱ་བསྐྱེེད་འཛུགས་སྐྲུན་བཟོ་སྐྲུན་བཅས་རྣམ་གྲངས7ད་ལྟ་དངོས་སུ་ཕྱོགས་ཡོངས་ནས་ལམ་ངོས་བཟོ་སྐྲུན་བྱེད་བཞིན་ཡོད་པས། འཆར་གཞི་ལྟར་རླངས་འཁོར་ཤར་གཏོང་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

དེའི་ལྷག་མའི་འཛུགས་སྐྲུན་བྱེད་པའི་རྣམ་གྲངས13གྱི་བཟོ་སྐྲུན་འཕེལ་རིམ་ལའང་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད། དེའི་ཁྲོད་ནས་ན་གོར་མོ་ནས་མང་ཡ་བར་གྱི་གཞུང་ལམ་རྒྱས་སྐྲུན་བཟོ་སྐྲུན་རྣམ་གྲངས་ཀྱི་ལམ་ངོས་ཀྱི་རྨང་གཞིའི75%དང་། ལམ་ངོས་ཀྱི་རིམ་པ30%ལེགས་གྲུབ་བྱུང་ཡོད་ལ། རྒྱལ་ལམ315མང་ཡ་ནས་ཡུག་ཧྲ་ཧྲན་རི་བོའི་བར་དང་། ཡུག་ཧྲ་ཧྲན་ནས་མང་ཡ་ཧྲི་སྲིང་བལ་གཏེར་ཁ་བར་གྱི་གཞུང་ལམ་རྣམ་གྲངས་ཀྱི་ལམ་ངོས་ས་རྡོ་འདོམ་གྲུ་བཞི་མ95%ལེགས་གྲུབ་བྱུང་ཡོད། ཟམ་པའི་བཟོ་སྐྲུན70%དང་། ལམ་ངོས་ཀྱི་རྨང་གཞིའི་རིམ་པ40%ལེགས་འགྲུབ་བྱུང་ཡོད། རྒྱལ་ལམ310ཡི་གཅན་ཚ་ནས་གུང་ཧོ་བར་གྱི་གཞུང་ལམ་བཟོ་སྐྲུན་རྣམ་གྲངས་ཀྱི་ཕུག་ལམ་བཟོ་སྐྲུན12%ལེགས་འགྲུབ་བྱུང་ཡོད། G213ཚི་ཁུ་ནས་མའོ་ཧན་བར་གྱི་གཞུང་ལམ་ལི་ཏུའུ་ནས་དཔའ་ལུང་བར་དང་། གྲོ་ཚང་ནས་དཔའ་ལུང་བར་གྱི་གཞུང་ལམ་རྣམ་གྲངས་ཀྱི་ལམ་གྱི་རྨང་གཞིའི་ས་རྡོ་འདོམ་གྲུ་བཞི་མ50%ལེགས་འགྲུབ་བྱུང་ཡོད། ཕུག་ལམ་བཟོ་སྐྲུན18%དང་། ཟམ་པ་བཟོ་སྐྲུན40%ལེགས་འགྲུབ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།