མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས2021ལོའི་སྟོན་དུས་སློབ་སྐབས་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས2021ལོའི་སྟོན་དུས་སློབ་སྐབས་ཀྱི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཡུས་ཚུང་ལིས་བསྟན་དོན། ཏང་གི་ལོ་ངོ་བརྒྱའི་དཀའ་སྤྱད་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་མིས་དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་རྒྱུས་ཡིན་ལ། དཀའ་སྤྱད་སྡུག་རུས་དང་ཧུར་ཐག་འབད་སྒྲུབ་ནི་ང་ཚོ་ཏང་གིས་འགྲན་རྩོད་མཐའ་དག་ལ་བསུ་མ་དང་དཀའ་བ་ལས་རྣམ་པར་རྒྱལ་བ། རྒྱལ་ཁ་ཕུ་ཐག་ལེན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཐད་གནད་དོན་ལ་དབྱེ་ཞིབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཅི་ཞིག་ལ་ནན་སྐུལ་བྱེད་པར་ང་ཚོས་དེར་དོ་སྣང་དང་དམ་འཛིན་བྱེད་དགོས་ལ། མུ་མཐུད་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་།ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་བྱེད་པར་གནང་བའི་ཆབ་སྲིད་ཀྱི་འགན་འཁྲི་དེ་ཕྲག་ཏུ་བླངས་ཏེ། སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ནས། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལོ་རྒྱུས་ལས་འགན་ལ་སྲུང་སྐྱོང་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་བྱེད་པར་བློ་གྲོས་དབུལ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།