མཚོ་སྔོན་གྱིས་རྣམ་གྲངས12ཅན་གྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུའུ་བཅས་དང་མཉམ་དུ《ལས་ཞུགས་རོགས་སྐྱོར་ལ་ཤུགས་བསྣན་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས་ཤིང་། མ་འོངས་པའི་ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མི་འབོར་ལ་ཕྱོགས་ཡོངས་ནས་ལས་ཞུགས་རོགས་སྐྱོར་བྱས་ཏེ། དབུལ་ཐར་མི་འབོར་ལས་ཞུགས་བྱེད་པའི་གཞི་ཁྱོན་སྤྱི་ཡོངས་ནས་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ནས་གྲོང་གསེབ་དར་རྒྱས་ཀྱི་སྤྱིའི་བྱེད་ཐབས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱ་རྒྱུ་རེད།

《ལག་བསྟར་བསམ་འཆར》ནང་རྩ་འཛུགས་ཡོད་པའི་སྒོ་ནས་ངལ་ནུས་ཕྱིར་གཏོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁེ་ལས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། ཞིང་ཆེན་ཕྱི་ནང་གི་ངལ་ནུས་མཐུན་སྦྱོར་ལ་ཧུར་ཐག་གིས་ཤུགས་སྣོན་པ། ཕུལ་བྱུང་གི་ངལ་ནུས་སྤུས་རྟགས་སྐྱེད་སྲིང་ལ་ཤུགས་སྣོན་པ། གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལས་ཞུགས་འཕེལ་རྒྱས་དང་ལས་ཞུགས་རོགས་སྐྱོར་འཁོར་ཁང་སོགས་ལས་ཞུགས་རྟེན་གཞི་ལ་སྐུལ་འདེད་གཏོང་བ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་ལྕག་བྱེད་པ། ཐབས་ལམ་སྣ་མང་དང་སྟབས་བསྟུན་ངང་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་ཀྱི་སྤྱི་ཕན་ལས་གནས་སྣ་ཚོགས་དོ་དམ་བཟང་པོ་དང་བེད་སྤྱོད་བཟང་པོ་བྱེད་པ། བྱེད་ཐབས་སྣ་མང་ལ་བརྟེན་ནས་ལས་ཞུགས་རོགས་སྐྱོར་བྱེད་པ། གནད་དུ་ཁེལ་བའི་ནུས་རྩལ་གསོ་སྦྱོང་སྤེལ་བ། གཙོ་གནད་འབུར་ཐོན་ས་ཁུལ་གྱི་རོགས་སྐྱོར་སོགས་ཀྱི་རྣམ་གྲངས12ཅན་གྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དོན་ཚན40ཡི་བྱེ་བྲག་གི་བྱེད་ཐབས་བཏོན། དེ་དང་ཆབས་ཅིག་ས་གནས་སོ་སོས་ལས་ཞུགས་རོགས་སྐྱོར་བྱ་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་ནས། གྲོང་གསེབ་དར་རྒྱས་ཀྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་། ད་ཡོད་ཀྱི་ལས་ཞུགས་རོགས་སྐྱོར་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་རྒྱུན་འཁྱོངས་བྱེད་པ་དང་། ད་ཡོད་ཀྱི་མ་དངུལ་ཐབས་ལམ་ཡག་པོར་སྤྱད་དེ་སྲིད་ཇུས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།