ལིའུ་ཐའོ་ཡིས་མུ་རིའི་གཏེར་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མུ་རིའི་གཏེར་ཁུལ་དུ་རྩྭ་འདེབས་ལྗང་བསྒྱུར་བདག་དམ་སྲུང་སྐྱོང་གི་དགུན་སྐྱེལ་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས་པ་དང་། འགན་འཁྲིའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་། བདག་དམ་བྱ་ཐབས་ཞིབ་ཚགས་ཇེ་ལེགས་སུ་བཏང་ནས། སྔ་མོ་ནས་གསབ་འདེབས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་། ཕྱོགས་མང་པོར་མཉམ་ལས་མཐུན་སྦྱོར་གྱིས། རྩྭ་འདེབས་ལྗང་བསྒྱུར་བདག་དམ་སྲུང་སྐྱོང་འདུས་ཤུགས་གྲུབ་ཏུ་བཅུག་ནས། སྔོ་ཤུན་བདེ་འཇགས་ངང་དགུན་སྐྱེལ་བར་ཁག་ཐེག་བྱས། 

ལིའུ་ཐའོ་འཁོར་དང་བཅས་པ་སྔ་གཞུག་ཏུ་ཅུས་ཧུའུ་ཀིན་ཨང་རྟགས3པ་དང5པ། 9བ་བཅས་སུ་སོང་ནས། རྩྭ་འདེབས་ས་ཁུལ་གྱི་སྐྱེ་དངོས་སྐྱེས་ཚུལ་དང་། ཆུ་འདྲེན་ཆུ་འབུད་དང་ར་བསྐོར་རྩྭ་གསོའི་བཟོ་སྐྲུན་ལག་བསྟར། ཡུལ་དངོས་བདག་དམ་དང་དགུན་སྐྱེལ་དངོས་རྫས་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་བལྟས། ཁོས་བསྟན་དོན། ད་ལོའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་ཁྲིད་འོག ས་གནས་དང་སྡེ་ཁག ཁེ་ལས་བཅས་སོ་སོས་འགན་འཁྲི་ཤུགས་དྲག་ཏུ་བཏང་བ་དང་། རང་འགུལ་བྱེད་སྟངས་ཀྱིས་ཕན་འབྲས་ལྡན་པའི་བྱ་བ་མང་པོ་སྒྲུབ་ལ། ཁྱོན་ཡོངས་ནས་རྩྭ་འདེབས་ལྗང་བསྒྱུར་གྱི་ལས་འགན་སོ་སོ་ལེགས་འགྲུབ་བྱས་ཏེ། མུ་རིའི་གཏེར་ཁུལ་གྱི་རྩྭ་འདེབས་ལྗང་བསྒྱུར་ལ་ཐོག་མའི་ཕན་འབྲས་མངོན་ཡོད།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། རྩྭ་འདེབས་ལྗང་བསྒྱུར་བདག་དམ་གྱི་དགུན་སྐྱེལ་བའི་བྱ་བ་ལེགས་པོར་སྒྲུབ་པ་ནི། སང་ལོར་སླར་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་ལ། “ལོ་ངོ་གསུམ་གྱི་ལས་འགུལ”བདེ་བླག་ངང་མཇུག་སྒྲིལ་བར་ཁག་ཐེག་བྱེད་པའི་གནད་འགག་གི་གོ་རིམ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།