​གཏན་འབེབས་གསར་པ་འདི་དག་དེ་རིང་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

     ཞིང་པའི་ཁང་སའི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་སྲུང་བྱེད་པར་ཤུགས་སྣོན་པ།

   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཞིང་པའི་འདོད་བློར་མི་བསྟུན་པར་བཙན་ཤེད་ངང་ཁང་ས་བརྒྱུད་བཤུག་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་གཏན་ཁེལ་གསལ་བོ་བྱས་པ་དང་། ཞིང་པའི་ཁང་ས་ཕྱིར་སྤྲོད་པ་དེ་ཞིང་བ་གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་དུ་འཛིན་པ་སོགས་གཏན་འགོག་བྱ་རྒྱུ།

བཟའ་ཚང་ཕན་ཚུན་བར་ཁང་པའི་བདག་དབང་བརྗེ་བ་དང་བུ་ཕྲུག་གིས་ཁང་པའི་བདག་དབང་རྒྱུན་འཛིན་བྱེད་སྐབས་གན་ཁྲལ་འཇལ་མི་དགོས།

   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་ཁྲལ་བསྡུ་བཅའ་ཁྲིམས》ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བཟའ་ཚང་ཕན་ཚུན་བར་ས་ཞིང་དང་སྡོད་ཁང་གི་བདག་དབང་སྒྱུར་བ་དང་། ཁྲིམས་བཅད་རྒྱུན་འཛིན་པས་ས་ཞིང་དང་སྡོད་ཁང་གི་བདག་དབང་རྒྱུན་འཛིན་བྱེད་པ་སོགས་ཀྱི་གནས་ཚུལ་ཚང་མར་གན་ཁྲལ་འཇལ་མི་དགོས།

བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་དང་འགལ་ཚེ་ཆེས་མང་ན་ཆད་པ་སྒོར་དུང་ཕྱུར1བཅད་ཆོག

   གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་།  ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལ། དོན་རྐྱེན་ཧ་ཅང་ཚབས་ཆེན་བྱུང་བར་ཆེས་མང་ན་ཆད་པ་སྒོར་དུང་ཕྱུར1བཅད་ཆོག

སྲིད་འཛིན་གཏུག་བཤེར་ལྟ་སྐུལ་གྱི་གྱོད་གཞི་དེ་ཟླ་གསུམ་རིང་ཞིབ་བཤེར་མཇུག་སྒྲིལ་བྱ་དགོས།

གསར་ཏུ་བཟོ་བཅོས་བྱས་པའི《མི་དམངས་ཞིབ་བཤེར་ཁང་སྲིད་འཛིན་གཏུག་བཤེར་ལྟ་སྐུལ་སྒྲིག་སྲོལ》ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྲིད་འཛིན་གཏུག་བཤེར་ལྟ་སྐུལ་གྱི་གྱོད་གཞི་དེ་ངེས་པར་ཟླ་གསུམ་རིང་ཞིབ་བཤེར་མཇུག་སྒྲིལ་པ་མ་ཟད་ད་རུང་ཐག་གཅོད་གཏན་ཁེལ་བྱེད་དགོས་པ་གསལ་བོར་བྱས་ཡོད།  

དངོས་སྐྱེལ་རླངས་འཁོར་སྟོང་པའི་སྤུས་ཚད་ལོ་རེར་ངེས་པར་ཞིབ་བཤེར་བྱེད་དགོས་པའི་རྣམ་གྲངས་སུ་གྱུར་བ།

   《སྒུལ་འཁོར་རིགས་ཀྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་རྣམ་གྲངས་དང་བྱ་ཐབས》ཀྱི་བླང་བྱ་ལྟར། ཟླ9པའི་ཚེས1ཉིན་ནས་བཟུང་དངོས་སྐྱེལ་རླངས་འཁོར་དང་འདྲུད་འཁོར་ཆེ་འབྲིང་གི་བདེ་འཇགས་ཞིབ་བཤེར་བྱེད་སྐབས་རླངས་འཁོར་སྟོང་པའི་སྤུས་ཚད་ལ་ཞིབ་བཤེར་བྱ་རྒྱུ་རེད།

ཚད་བརྒལ་དང་སྔོན་བརྒལ་གྱི་གསོ་སྦྱོང་བྱས་ཚེ་འགན་འཁྲི་བདའ་འདེད་བྱེད་རྒྱུ་རེད།

   《སློབ་གསོ་ལྟ་སྐུལ་སློབ་སྟོན་གྱི་འགན་འཁྲི་བདའ་འདེད་བྱ་ཐབས》ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་དང་སློབ་གསོའི་སྒྲིག་གཞི་གཞན་དག་ལ་ཚད་བརྒལ་དང་སྔོན་བརྒལ་གྱི་གསོ་སྦྱོང་བྱེད་པ་དང་། དྲིལ་བསྒྲགས་རྫུན་མ་བྱེད་པ། དུས་བརྒལ་གྲོན་དངུལ་བསྡུ་བ་སོགས་ཀྱི་བྱ་སྤྱོད་ཡོད་པར་འགན་འཁྲི་བདའ་འདེད་བྱེད་རྒྱུ་རེད།

དྲ་རྒྱའི་ཐོན་རྫས་ལ་བདེ་འཇགས་ཀྱི་སྐྱོན་ཆ་ཡོད་ན་འཕྲལ་མར་གསབ་བཅོས་བྱེད་དགོས།

《དྲ་རྒྱའི་ཐོན་རྫས་ཀྱི་བདེ་འཇགས་སྐྱོན་ཆ་དོ་དམ་གཏན་འབེབས》ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། གཏན་འབེབས་ལས་དྲ་རྒྱའི་ཐོན་རྫས་འདོན་སྤྲོད་བྱེད་མཁན་གྱིས་ངེས་པར་དུ་དྲ་རྒྱའི་ཐོན་རྫས་བདེ་འཇགས་སྐྱོན་ཆ་དོ་དམ་འོས་འགན་ལག་བསྟར་བྱ་དགོས་པ་དང་།  འཕྲལ་མར་སྐྱོན་ཆར་ར་སྤྲོད་བྱེད་དགོས་པ་མ་ཟད་ད་རུང་གསབ་བཅོས་བྱེད་དགོས་པ་གཏན་ཁེལ་བྱས་ཡོད།  

དམངས་གཉེར་སློབ་གྲྭར་སློབ་མ་གཅིག་མཚུངས་བསྡུ་བའི་དབང་ཆ་ཡོད།

《དམངས་གཉེར་སློབ་གསོར་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཟླ་9ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

སྲོལ་ཡིག་ལས་སློབ་ཞུགས་གོང་གི་སློབ་གསོ་དང་སློབ་རྒྱུས་སློབ་གསོ་ལག་ལེན་བསྟར་བའི་དམངས་བཙུགས་སློབ་གྲྭར་རིམ་པ་གཅིག་མཚུངས་དང་རིགས་གཅིག་པའི་གཞུང་བཙུགས་སློབ་གྲྭ་དང་གཅིག་མཚུངས་ཀྱི་སློབ་མ་བསྡུ་བའི་དབང་ཆ་ཡོད་པ་དང་གཞུང་བཙུགས་སློབ་གྲྭ་བཞིན་དུས་མཚུངས་ཀྱི་སློབ་མ་བསྡུ་ཆོག་ཅེས་ཁ་གསལ་བཏོན་ཡོད་པ་རེད།

གཅར་རྡུང་དང་དམའ་འབེབས་བྱེད་པ་སོགས་ཀྱི་བྱ་སྤྱོད་དེ་བརྙས་བཅོས་བྱེད་པར་གཏན་འཁེལ་བྱ་རྒྱུ་རེད།

   《ནར་མ་སོན་པའི་མི་སྣའི་སློབ་གྲྭ་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་གཏན་འབེབས》ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སློབ་མའི་བར་ལོ་ན་ཆེ་ཆུང་དང་། གཟུགས་སྟོབས་ཆེ་ཆུང་། ཡང་ན་མི་གྲངས་མང་ཉུང་སོགས་ལེགས་ཆ་ལྡན་པའི་ཕྱོགས་ཀྱིས་བསམ་ངན་ཁོག་བཅུག་གམ་བསམ་བཞིན་དུ་གཞན་ལ་གཅར་རྡུང་དང་བཙན་འཕྲོག དམའ་འབེབས་སོགས་བྱས་ཏེ་ཕ་རོལ་གྱི་མི་ལུས་ལ་གནོད་འཚེ་གཏོང་བ་དང་། རྒྱུ་ནོར་གྱི་གྱོང་གུན་བཟོ་བ། བསམ་བློར་ཕོག་ཐུག་གཏོང་བ་སོགས་བྱས་ཚེ་བརྙས་བཅོས་བྱེད་པའི་གནས་ཚུལ་ལ་གཏན་འཁེལ་བྱ་རྒྱུ་རེད།

གནམ་གྲུའི་སྤ་སེའི་གྲོན་དངུལ་ཕྱིར་སྤྲོད་པ་དེ་ལས་ཀའི་དུས་ཚོད་བདུན་ནང་ལེགས་གྲུབ་ཐུབ་དགོས།

   《སྤྱི་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་གྱི་འགྲུལ་པའི་ཞབས་ཞུའི་དོ་དམ་གཏན་འབེབས》ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། མཁའ་འགྲུལ་སྤྱི་གཉེར་ཁང་དང་མཁའ་འགྲུལ་ཕྱིར་འཚོང་གི་ཚབ་བྱེད་མི་སྣས་འགྲུལ་པའི་དུས་ལྟར་སྤ་སེའི་གྲོན་དངུལ་ཕྱིར་སྤྲོད་བྱེད་པའི་རེ་ཞུ་འབྱོར་རྗེས་ལས་ཀའི་དུས་ཚོད་བདུན་ནང་གྲོན་དངུལ་ཕྱིར་སྤྲོད་ཐུབ་པའི་འགྲོ་ལུགས་སྒྲུབ་དགོས།།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།