མཚོ་སྔོན་དང་ཀན་སུའུ་ཉིང་ཞ་བཅས་ཀྱི་མཉམ་ལས་གྲོས་མཐུན་བཞག་སྟེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུའུ་དང་ཀན་སུའུ་ཞིང་ཆེན་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུའུ། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ས་གཤིས་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ས་གཤིས་ལས་དོན་སྤེལ་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་མཉམ་ལས་ལ་གྲོས་མཐུན་བཞག

 གྲོས་མཐུན་ལྟར་ན། མཚོ་སྔོན་དང་ཀན་སུའུ་ཉིང་ཞ་བཅས་ཞིང་ཆེན་གསུམ་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ་དེ་དམིགས་འབེན་དུ་བཟུང་ནས། ས་གཤིས་ལས་དོན་གྱི་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནས་ཁེལ་ལ་རྐང་བཙུགས་ཏེ། མཉམ་དུ་མཚོ་སྔོན་དང་ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་གསུམ་གྱི་རྨང་གཞིའི་ས་གཤིས་བརྟག་དཔྱད་དང་ནུས་ཁུངས། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་ཐོན་ཁུངས་རྩད་ཞིབ། ཆུའི་ཐོན་ཁུངས་དང་ཆུའི་འཁོར་རྒྱུག་བརྟག་དཔྱད། རྒྱལ་ཁོངས་བར་སྟོང་གི་སྐྱེ་ཁམས་གནས་ཚུལ་བརྟག་དཔྱད་རྩིས་ལེན་དང་ཉེན་བརྡ་གཏོང་བ་སོགས་ལག་བསྟར་བྱ་རྒྱུ་རེད། གྲོས་མཐུན་མཉམ་ལས་ཀྱི་དུས་ཡུན2022ལོ་ནས2025ལོའི་བར་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།