མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭས་དུས་མཉམ་དུ“སློབ་མགོ་རྩོམ་པའི་སློབ་ཁྲིད་དང་པོའི”བརྗོད་དོན་ཚོགས་པའི་ཉིན་མོའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་སོ་སོའི་གུང་གཞོན་ཚོགས་པའི་ཏང་ཀྲི་པུའུ་དང་ལོ་ཆུང་གདོང་ལེན་རུ་ཁག་གིས“ཏང་སེམས་བདེ་བར་བཞུགས་དང་། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བར་ང་རང་ཡོད”ཅེས་པའི་བརྗོད་དོན་ཚོགས་པའི་ཉིན་མོའི་བྱ་འགུལ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་ཆུང་གདོང་ལེན་སློབ་མའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཏུ་བཅུག 

ཟི་ལིང་གྲོང་ཁྱེར་ཧུའུ་ཐེ་སློབ་ཆུང་དུ། སློབ་ཁྲིད་ཀྱི་ཅོང་བརྡ་གྲགས་པ་དང་མཉམ་དུ། དགེ་སློབ་ཚང་མ་རྩལ་སྦྱོང་ར་བར་གྲལ་བསྒྲིགས་ནས། སློབ་མགོ་རྩོམ་པའི་དར་དམར་བསྒྲེང་བའི་མཛད་སྒོ་སྤེལ། རྔམ་བརྗིད་ལྡན་པའི《དམག་མིའི་མདུན་བསྐྱོད་རོལ་མོའི》ཁྲོད། ལྷབ་ལྷུབ་བསྐྱོད་པའི་སྐར་ལྔའི་དར་དམར་གྱི་འོག ཧུའུ་ཐེ་སློབ་ཆུང་གི་རུ་འབྲིང36གིས“ཏང་སེམས་བདེ་བར་བཞུགས་དང་། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བར་ང་རང་ཡོད”ཅེས་པ་བརྗོད་དོན་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། གུང་གཞོན་ཚོགས་པ་དང་ལོ་ཆུང་གདོང་ལེན་རུ་མིའི་དམ་ཚིག་ལ་བསྐྱར་དྲན་བྱས། སློབ་མ་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། “ལོ་རྒྱུས་བཞི”སློབ་སྦྱོང་བཟང་བོ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གྱིས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་པ་དང་། མེས་རྒྱལ་དང་མི་དམངས། མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་བའི་ཁྲོད་ལང་ཚོ་ལ་བཀྲག་མདངས་འཚེར་བར་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།