གཙང་གསུམ་འབྱུང་ཡུལ་དུ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་རི་མོ་གྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་མཐུད་ངང་སྐྱེ་ཁམས་སྲུང་སྐྱོང་ཐད་སྐུལ་འདེད་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར73.3བཏང་བའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་རིམ་དང་པོ་དང་གཉིས་པའི་ལས་གཞི་ལེགས་འགྲུབ་བྱུང་ཡོད། ནགས་ཚལ་དང་རྩྭ་ཐང་གི་སྔོ་ཤུན་ཁེབས་ཚད་སོ་སོར3.97%དང61.84%འཕར་ཡོད། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཀྱང་མངོན་གསལ་གྱིས་མང་དུ་ཕྱིན་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས། གཙང་གསུམ་འབྱུང་ཡུལ་དེ“ཀྲུང་གོའི་ཆུ་བཟང”དུ་བདམས་པ་རེད། 

གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་པོའི་སྒྲིག་སྲོལ་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ཡོད། མ་འོངས་པར་ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་སྲུང་བྱས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཀྲུང་ཧྭའི་ཆུ་ལྕོག་ལ་སྲུང་སྐྱོང་། སྐྱེ་ཁམས་དོ་མཉམ་སྲུང་འཛིན་བཅས་བྱ་རྒྱུ་ཡིན་ལ། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་དང་སྐྱེ་ཁམས་ནུས་པ་མཐོར་འདེགས་སུ་བཏང་སྟེ། མི་རབས་ནས་མི་རབས་བར་རྒྱུན་མི་ཆད་པ་དང་ཐམས་ཅད་འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་གཞིས་སྐྲུན་རྒྱུར་བརྩོན་ལེན་བྱ་རྒྱུ་རེད། །

3.jpg

པར་འདི་ནི་རྫ་ཆུའི་འགྲམ་རྒྱུད་རེད།

4.jpg

པར་འདི་ནི་ཡུས་ཧྲུའུ་ནང་ཆེན་རྫོང་ཁོངས་རེད།

5.jpg

པར་འདི་ནི་ནང་ཆེན་རྫོང་ཁོངས་ཀྱི་གནའ་བོའི་ཚྭ་ར་རེད།

6.jpg

པར་འདི་ནི་ནང་ཆེན་རྫོང་ཁོངས་ཀྱི་ནགས་ར་རེད།

7.jpg

པར་འདི་ནི་ཡུས་ཧྲུའུ་ནང་ཆེན་རྫོང་ཁོངས་རེད།

8.jpg

པར་འདི་ནི་ཡུས་ཧྲུའུ་ནང་ཆེན་རྫོང་ཁོངས་རེད།

9.jpg

པར་འདི་ནི་ནང་ཆེན་རྫོང་ཁོངས་ཀྱི་དཔལ་སྨོན་སྡེ་བ་རེད།

10.jpg

11.jpg

པར་འདི་གཉིས་ནི་ཡུས་ཧྲུའུ་ནང་ཆེན་རྫོང་ཁོངས་རེད།

11.jpg

པར་འདི་ནི་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་མོ་རེད།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།