མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་རྒྱུས་ལས་ཨུ་ཡོན་ལྷན་ཁང་གིི་གྲོས་ཚོགས་བསྡུས་ནས། ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་དང་། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་མཉན་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་། ཞིང་ཆེན་གྱི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ནི། མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བ་དང་། བརྩེ་སེམས་ཟབ་པ། རྒྱས་བཤད་གནད་ལ་འཕིགས་པ། བདེན་དོན་གསལ་སྟོན་དང་། འབྱུང་འགྱུར་འོད་ཟེར་ལྡན་པར་བྱེད་པ། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འགག་རྩའི་དུས་སྐབས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སུ་གནས་ཐུབ་པར་རྐང་པ་བཙུགས་ཡོད། དུས་རབས་གསར་པའི་མི་རིགས་ལས་དོན་ཐད་དར་ཆ་གང་འདྲ་ཞིག་མཐོན་པོར་སྒྲེང་བ་དང་། ལམ་བུ་གང་འདྲ་ཞིག་ཏུ་སྐྱོད་པ། དེ་བཞིན་བརྩི་སྲུང་ཞུ་དགོས་པའི་བསམ་བློ་དང་། ཁོང་དུ་ཆུད་པའི་རྩ་དོན། བྱ་བའི་གཙོ་གནད། འཕེལ་རྒྱས་ཀྱི་དམིགས་ཚད། གྲུབ་པའི་རྣམ་པ་སོགས་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པར་ལན་བཏབ་ཡོད། ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས། ལག་ལེན། འཚོལ་ཞིབ་བཅས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གསར་གཏོད་ཟབ་སྤེལ་བྱེད་པ་ཞིག་ཀྱང་ཡིན་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་ཀྱི་མཐོ་ཚད་ཐོག་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་མཛད་ཇུས་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་རིགས་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། སྤྱི་ཡོངས་རང་བཞིན། དུས་རབས་རང་བཞིན། ཆོས་ཉིད་རང་བཞིན། མི་དམངས་རང་བཞིན། འཕེལ་རྒྱས་རང་བཞིན་བཅས་ལ་སྟངས་འཛིན་ཡང་དག་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། སྒྲུབ་བཞིན་པའི་ལས་དོན་ཁག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཏང་གི་སྤུས་ཚད་མཐོ་བའི་མི་རིགས་ལས་དོན་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་རང་ཞིང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་འཛུགས་པར་ཧུར་ཐག་བྱེད་དགོས་པར་བསྟན། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ནང་། འཐབ་ཇུས་ཀྱི་བསམ་གཞིག་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་ལྟེ་བའི་དོན་སྙིང་དང་བྱེད་ཐབས་དང་། སེམས་ཁྲལ་གྱི་འདུ་ཤེས་ཐོག་ནས་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ། རྩ་བཅོས་བཅས་ཀྱི་ཐབས་ཇུས་གསལ་བཤད་གནང་། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དངུལ་རྩའི་བདེ་འཇགས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་སྒོ་གལ་ཆེན་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་འདུན་ལ་གོ་བ་ཡང་དག་ལེན་པ་དང་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཟུང་འབྲེལ་བྱེད་པ། བགོ་བཤའ་དང་མཐའ་ཚད་གཉིས་ཀྱི་བྱེད་ཐབས་ལ་མཉམ་དུ་བདག་སྐྱོང་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅུན་འདོམས་ལ་དམ་འཛིན་བྱེད་པ། དཔལ་འབྱོར་དང་དངུལ་རྩ་ལ་སྣོན་སྦྲེལ་དོ་དམ་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་རེ་འདུན་སྐོང་བ་དང་། དངུལ་རྩའི་བདེ་འཇགས་ཀྱི་རྨས་སྐྱོར་སྲུང་འཛིན་བྱེད་དགོས་པར་བསྟན། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་ལས་བྱའི་ཁུར་པོ་སྔར་ལས་ཇེ་ཡང་དུ་གཏོང་བ་དང་། སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་ཇེ་ཡང་དུ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་དང་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་གནང་བའི་དོན་ཆེན་ཞིག་ཡིན་པས། མིག་སྔའི་སློབ་གསོའི“ཉུང་གཏོང་གཉིས”ལ་དམིགས་པ་དང་འབྱུང་འགྱུར་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་མཐོང་ཆེན་བྱས་ཏེ་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བཟང་པོ་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་བྱེད་པ། བརྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་གཏིང་ཟབ་བྱེད་པ། དགེ་མཚན་ལྡན་ལ་བརྟན་འཇགས་སྒོས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མུ་རུ་གཏེར་ཁུལ་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས། “ཕྱིར་མིག་ལྟ་བའི”གནད་དོན་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་གནད་དོན་དག་ཐེར་ལས་དོན་སྟོན་པ་དང་། རིམ་དབྱེ་རིགས་དབྱེའི་སྒོ་ནས་ཞིབ་ཕྲའི་ལས་འགན་བཟོ་བ། ཆེད་དོན་གྱོད་གཞི་གཏན་འཁེལ་བྱེད་ཐབས་བཟོ་བ། “དོན་གཅིག་ལ་ཆེད་དོན་འཛིན་གྲྭ་གཅིག་དང་དོན་གཅིག་ལ་ཐབས་ཇུས་གཅིག”གི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ། བཅོས་སྒྲིག་བྱེད་སྐབས་བཅོས་སྒྲིག་ལ་དམ་འཛིན་བྱེད་པ་དང་། དག་ཐེར་བྱེད་སྐབས་བཅོས་སྒྲིག་གིས་རྡོག་རྩ་གཅིག་སྒྲིལ་སྒོས་ནན་གྱིས་སྐུལ་འདེད་ཀྱིས་སྲ་བརྟན་གྱི་སྟོབས་ཤུགས་འཕེལ་བ་རྒྱུན་འཁྱོངས་བྱེད་དགོས། ཉེན་ཁ་འགོག་ཟོན་དང་སེལ་བའི་བྱེད་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས། རྗེས་ཕྱོགས་ཀྱི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བཅོས་སྐྱོང་གི་མ་དཔེ་ཧུར་ཐག་གིས་འཛུགས་དགོས་པར་བསྟན།

གྲོས་ཚོགས་སྟེང“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་གི་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་དོན་ལ་ཁས་ལེན་གང་ལེགས་དང་། ཏང་གི་སློབ་གྲྭ་གཉེར་སྐྱོང་དང་སློབ་གྲྭ་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག》ལག་བསྟར་བྱ་རྒྱུ་དེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་གིས་གསར་བརྗེའི་སློབ་གྲྭ་ལེགས་པར་གཉེར་བ་དང་། ཏང་གི་སློབ་གྲྭའི་བྱ་གཞག་ལ་སྔར་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་ཀྱིས་དུས་རབས་གསར་པའི་ཏང་གི་སློབ་གྲྭའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང2021ལོའི་ས་གནས་སྲིད་གཞུང་གི་བུ་ལོན་འཕར་བའི་བཅད་གྲངས་བཀོད་སྒྲིག་བསམ་འཆར་གྱི་སྙན་ཞུ་ལ་མཉན་པ་དང་།《ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང་དང་སྤྱི་ཚོགས་རིང་ལུགས་སློབ་གླིང)ཁོངས་གཏོགས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་རྩ་གནད》སོགས་ལ་གྲོས་ཞིབ་དང་། དོན་ཚན་གཞན་དག་ལ་ཞིབ་འཇུག་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།