ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས2021ལོའི་ལས་ཞུགས་རོགས་འདེགས་ཟླ་བའི་ཆེད་སྤྱོད་བྱ་འགུལ་སྤེལ་བ་དང་། ཉེ་ཆར། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། གཞི་རིམ་དུ་བསྐྱོད་པ །དཔྱིད་རླུང་རོགས་སྐྱོར་དང་ལས་གནས་སྟེར་བའི”ལས་ཞུགས་ཞབས་ཞུའི་བྱ་འགུལ་སྤེལ། བྱ་འགུལ་མཇུག་སྒྲིལ་བའི་བར་དུ། དབང་བོ་སྐྱོན་ཅན180ཡིས་ལས་རྐང་འཚོལ་བའི་བསྡུ་ལེན་ཁྲོད་ཞུགས་ཤིང་། ཕྱོགས་གཉིས་ཀྱི་བདམས་གསེས་བརྒྱུད། དབང་བོ་སྐྱོན་ཅན67གིས་ལས་ཞུགས་འདོད་བློ་བྱུང་བ་དང་། དབང་བོ་སྐྱོན་ཅན9ཡིས་ཡུལ་དངོས་ནས་ངལ་རྩོལ་གན་རྒྱ་བཞག
བྱ་འགུལ་སྐབས་སུ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་འགན་ཁུར་བ་དང་། དབང་བོ་སྐྱོན་ཅན་ལས་ཞུགས་དཔེ་མཚོན། དབང་བོ་སྐྱོན་ཅན་གྱི་ལས་བཟོ་བ་བཀོལ་བའི་ལས་ཁུངས་ཀྱི་འགན་ཁུར་བ་དབང་བོ་སྐྱོན་ཅན་ལས་ཞུགས་གསར་སྐྲུན་མཉམ་རོལ་ཚོགས་འདུའི་སྟེང་ཞུགས་ཏེ། དབང་བོ་སྐྱོན་ཅན་གསར་གཏོད་གསར་སྐྲུན་དང་། ཁེ་ལས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་ཚང་མར་གླེང་མོལ་བྱས་ཤིང་། ལས་གཉེར་གསར་གཏོད་སྲིད་ཇུས་ཀློག་འགྲེལ་དང་། ལས་གཉེར་གསར་གཏོད་མཁན་གྱིས་ལས་གཉེར་གྱི་གོ་རིམ་མཉམ་རོལ་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་གཉེར་བསམ་བློ་དང་། ལས་གཉེར་སྲིད་ཇུས་ལ་རྒྱུས་ལོན་ཟབ་མོ་བྱས་ནས།དབང་བོ་སྐྱོན་ཅན་གྱི་ལས་གཉེར་བརྩེ་བ་སྐུལ་སྤེལ་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། གཞི་རིམ་དུ་བསྐྱོད་པ། དཔྱིད་རླུང་རོགས་སྐྱོར་དང་ལས་གནས་སྟེར་བའི”ལས་ཞུགས་ཞབས་ཞུའི་བྱ་འགུལ་སྤེལ།