སྤྱི་བསྒྲགས། མཚོ་སྔོན་གྱི་ཐུན་མོང2དང་། མི་སྒེར1ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་། ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་ཐུན་མོང་སྔོན་ཐོན་ལས་སྒྲུབ་མཁན་དང་ངལ་རྩོལ་དཔེ་ལེགས་ཅན་དཔྱད་འདེམས་སྐོར་གྱི་བརྡ་སྦྱོར》(མི་དོན་པུའུ﹝2021﹞ཨང་རྟགས80)ཡི་བླང་བྱ་ལྟར། འོས་སྦྱོར་དཔྱད་འདེམས་བྱས་པ་བརྒྱུད། རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་སྔོན་ཐོན་ཐུན་མོང་ལས་སྒྲུབ་མཁན་དང་ངལ་རྩོལ་དཔེ་ལེགས་དཔྱད་འདེམས་གཟེངས་རྟགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་སྔོན་ཐོན་ཐུན་མོང84དང་། སྔོན་ཐོན་ལས་སྒྲུབ་མཁན་དང་ངལ་རྩོལ་དཔེ་ལེགས133གཟེངས་རྟགས་གནང་རྒྱུ་ཡིན། དམངས་གཙོ་དར་སྤེལ་དང་། བསམ་འཆར་བསྡུ་ལེན་བྱེད་པ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་ཆེད། རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་ལས་སྒྲུབ་མཁན། ངལ་རྩོལ་དཔེ་ལེགས་ཅན་སྤྱི་བསྒྲགས་བྱེད་རྒྱུ་ཡིན། སྤྱི་བསྒྲགས་དུས་ཡུན2021ལོའི་ཟླ8པའི་ཚེས27ཉིན་ནས2021ལོའི་ཟླ9བའི་ཚེས2ཉིན་བར་ཡིན། 

གཟེངས་རྟགས་ཐོབ་མཁན་ལ་གླེང་གཞི་ཡོད་ན། སྤྱི་བསྒྲགས་དུས་ཡུན་ནང་རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་སྒྲུབ་མཁན། ངལ་རྩོལ་དཔེ་ལེགས་དཔྱད་འདེམས་གཟེངས་རྟགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ལ་ལན་སློག་བྱེད་དགོས། ལན་སློག་རྣམ་པ་ནི་ཁ་པར་དང་། འཕྲིན་ཡིག  གློག་རྡུལ་ཡིག་ཟམ། འཕྲིན་ཡིག་དེ་འབྱོར་ཉིན་ནས་བརྩི་དགོས། ལན་སློག་གནས་ཚུལ་བདེན་ཐོག་ཡིན་དགོས་ལ། ལས་ཁུངས་ཀྱི་མིང་ཐོག་ནས་གནས་ཚུལ་ཞུ་དགོས་ན་ལས་ཁུངས་ཀྱི་ཐེམ་ག་རྒྱག་དགོས་པ་དང་། མི་སྒེར་ཡིན་ན་རྒྱུ་ཆའི་ཐོག་དངོས་མིང་འགོད་དགོས་པ་མ་ཟད། འབྲེལ་གཏུག་ཁ་པར་འཇོག་དགོས། 


འབྲེལ་གཏུག་བྱེད་ས། རྒྱལ་ཡོངས་ལུས་རྩལ་སྡེ་ཁག་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་ལས་སྒྲུབ། ངལ་རྩོལ་དཔེ་ལེགས་དཔྱད་འདེམས་གཟེངས་རྟགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། 

ཁ་པར།(བརྙན་སྐྱེལ)010-87182257

འཕྲིན་གཏོང་ས་གནས། པེ་ཅིན་གྲོང་ཁྱེར་མཁར་ཤར་ཆུས་ལུས་རྩལ་ཁང་ལམ་གྱི་ཨང་རྟགས2པ།  

གློག་རྡུལ་ཡིག་ཟམ། blc@sport.gov.cn  

སྦྲག་སྲིད་ཨང་གྲངས100763

ཟུར་བཀོད། 1 རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་སྔོན་ཐོན་ཐུན་མོང་གི་གཟེངས་རྟགས་ཐོབ་པའི་མིང་ཐོ། 2 རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་སྔོན་ཐོན་ལས་སྒྲུབ་མཁན་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་མིང་ཐོ། 


རྒྱལ་ཡོངས་ལུས་རྩལ་སྡེ་ཁག་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་སྒྲུབ་མཁན། ངལ་རྩོལ་དཔེ་ལེགས་དཔྱད་འདེམས་གཟེངས་རྟགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། 

2021ལོའི་ཟླ8པའི་ཚེས27ཉིན། 


རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་སྔོན་ཐོན་ཐུན་མོང་གི་གཟེངས་རྟགས་ཐོབ་པའི་མིང་ཐོ།   མཚོ་སྔོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭ  ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ། 

རྒྱལ་ཡོངས་ལུས་རྩལ་སྡེ་ཁག་གི་སྔོན་ཐོན་ལས་སྒྲུབ་མཁན་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་མིང་ཐོ། མཚོ་སྔོན་ཞིང་ཆེན། ཆོས་དབྱིངས་སྐྱིད། མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་དང་པོའི་ལུས་རྩལ་པ།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།