མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་རང་ཉིད་ཡོད་སའི་ཏང་ཀྲི་པུའུ་ཡི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། བསྟུད་མར་ཉིན་འགའི་རིང་། ཞིང་ཆེན་མགོ་ཁྲིད་ཀྱིས་སྤྱིར་བཏང་གི་ཏང་ཡོན་གྱི་ལས་ཐོབ་ཀྱིས་སོ་སོར་རང་ཉིད་ཡོད་སའི་ཏང་ཀྲི་པུའུ་ཡི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། “ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། བསམ་བློ་རྟོགས་པ། དོན་དངོས་སྒྲུབ་པ། མགོ་གསར་བ་རྩོམ་པའི”བརྗོད་དོན་དང་འབྲེལ་ནས། ཏང་ཀྲི་པུའུ་ཡི་ཏང་ཡོན་བསམ་བློ་བརྗེ་རེས་བྱས་ཤིང་། བར་ཁྱད་མི་འདང་བ། སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་བྱ་བའི་དངོས་ཕན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། 

ཚོགས་འདུའི་སྟེང་། ཏང་ཀྲི་པུའུ་སོ་སོས་ད་ལོའི་ཚུན་གྱི་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པ་དང་། སྒོས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གནས་ཚུལ་སྤེལ་བ་མ་ཟད། ཞིབ་བཤེར་བྱས། ཏང་ཀྲི་པུའུ་སོ་སོས་ཞིབ་བཤེར་བྱས་པ་དང་། རང་ཉིད་གནད་དོན་ཁྲོད་འཇོག་པ་དང་། འགན་འཁྲི་གནད་དོན་ཁྲོད་འཇོག་པ། བྱ་བ་གནད་དོན་ཁྲོད་འཇོག་པ་བཅས་བྱས་ཏེ།ཏན་ཏིག་གིས་མི་འདང་ས་བཙལ་བ་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་ནས། ལེགས་བཅོས་ཁ་ཕྱོགས་གསལ་པོར་བྱས།

ཐེངས་འདིའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་བརྒྱུད་དེ། རྒྱ་ཆེའི་ཏང་ཡོན་གྱིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། ཏང་གི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་ཡིན་ལ། བསམ་བློ་དང་བྱེད་སྟངས་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་ཐོན་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་འབོད་སྐུལ་མཐའ་གཅིག་ཏུ་དང་དུ་བླངས་ཏེ། “འདུ་ཤེས་བཞི”སྲ་བརྟནདང་། “ཡིད་ཆེས་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། སློབ་སྦྱོང་ལ་གོ་རྟོགས་ཡོད་པ་དང་། དོན་དངོས་སྒྲུབ་པ།འགན་འཁྲི་སྟེང་ཤུགས་བསྣན་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་གནས་བྱ་བའི་ཁྲོད་དོན་འཁྱོལ་ཡོང་བ་དང་། བྱེ་བྲག་གི་བྱེད་སྟངས་ཁྲོད་མངོན་པ། དེ་མིན་བྱ་བའི་ཕན་འབྲས་སྟེང་མངོན་པར་བྱས་ནས། ཚད་གཞི་མཐོན་པོ་དང་། སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ལེགས་འགྲུབ་ཡོང་བར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་བླ་མེད་ཀུན་སྤྱོད་སྟེང་ཤུགས་བསྣན་ཏེ། རང་གི་སེམས་གཏིང་ནས་རང་འགུལ་སྒོས་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྤྱི་སེམས་ཆགས་པར་བྱེད་པ། རང་གཅུན་གཟབ་ནན་གྱི་ཀུན་སྤྱོད་ཆགས་སུ་བཅུག་ནས། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་རྒྱུན་འཛིན་བྱེད་དགོས་པར་འདོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།