མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་ཀྱི་སྐོར་གཉིས་པའི་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་བཅའ་སྡོད་ས་ཚིགས་དང་པོའི་མཛུབ་སྟོན་ཚན་ཆུང་ཞིང་ཆེན་ཁྲིམས་འཛིན་ཐིང་བཅའ་སྡོད་ས་ཚིགས་སུ་མཛུབ་ཁྲིད་བྱེད་པར་བསྐྱོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་ཀྱི་སྐོར་གཉིས་པའི་དཔུང་སྡེའི་སློབ་གསོ་དག་ཐེར་བཅའ་སྡོད་ས་ཚིགས་དང་པོའི་མཛུབ་སྟོན་ཚན་ཆུང་ཞིང་ཆེན་ཁྲིམས་འཛིན་ཐིང་དུ་བཅའ་སྡོད་ས་ཚིགས་སུ་བསྐྱོད་ནས་ལས་དོན་སྦྲེལ་མཐུད་གྲོས་ཚོགས་འཚོགས།

བཅའ་སྡོད་མཛུབ་སྟོན་ཚན་ཆུང་གིས་་སྐོར་གཉིས་པའི་དཔུང་སྡེའི་སློབ་གསོ་དག་ཐེར་བྱས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་པ་དང་། བཅའ་སྡོད་བྱ་ཡུལ་གྱི་མཛུབ་སྟོན་ལས་དོན་གྱི་སྤྱིའི་བླང་བྱ་དང་། འགན་འཁྲི་དང་ལས་འགན། བྱེད་ཐབས་ཀྱི་གོ་རིམ་བཅས་གསལ་བཤད་བྱས་པ་མ་ཟད། ཞིང་ཆེན་ཁྲིམས་འཛིན་ཐིང་ལ་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་ལྔ་པའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། ཕན་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ། སྐོར་དང་པོ་དང་སྐོར་གཉིས་པའི་དཔུང་སྡེའི་སློབ་གསོ་དག་ཐེར་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་བྱས་ཏེ། ཐུན་མོང་སྒོས་སྐོར་གཉིས་པའི་དཔུང་སྡེའི་་སློབ་གསོ་དག་ཐེར་གཏིང་ཟབ་དང་དོན་དངོས་ལྟར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཁྲིམས་འཛིན་ཐིང་གི་མགོ་ཁྲིད་ཀྱིས་བཅའ་སྡོད་མཛུབ་སྟོན་ཚན་ཆུང་དང་པོ་ཞིང་ཆེན་ཁྲིམས་འཛིན་ཐིང་དུ་བཅའ་སྡོད་བྱས་པ་ནི་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“ཆབ་སྲིད་ཞིབ་བཤེར”ཞིག་ཡིན་ལ། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྐོར་གཉིས་པའི་དཔུང་སྡེའི་སློབ་གསོ་དག་ཐེར་གྱི“རྩ་བརྟག་མཛུབ་སྟོན”བྱས་པ་ཞིག་ཀྱང་ཡིན། བཅའ་སྡོད་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི་མཛུབ་སྟོན་བསམ་འཆར་དང་བསྟན་པའི་གནད་དོན་ལ་ལྷག་བསམ་ཟོལ་མེད་ངང་དང་ལེན་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་དང་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ནས་གནད་དོན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། དག་ཐེར་གསལ་ཐོ་བཅས་འཕྲལ་དུ་ལག་བསྟར་དང་དག་ཐེར་བྱེད་པ་དང་། བཅའ་སྡོད་མཛུབ་ཁྲིད་ཚན་ཆུང་གིས་མཛུབ་ཁྲིད་བྱེད་སྐབས་ཤེས་རྟོགས་བྱུང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གྱི་བླང་བྱ་གཞིར་བཟུང་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་རྩད་གཅོད་བཟང་པོ་བྱས་ཏེ། དཔུང་སྡེའི་སློབ་གསོ་དག་ཐེར་བྱས་འབྲས་དེ་ཁྲིམས་འཛིན་སྲིད་སྐྱོང་གི་ལས་དོན་སོ་སོ་སྐས་རིམ་གསར་བར་བསྐྱོད་པ་དང་གྲུབ་འབྲས་གསར་བ་ཐོབ་པར་སླར་ཡང་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་པའི་གཏམ་བཤད་སྤེལ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།