མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས“ཁུ་ནུ2021”ཆེད་སྤྱོད་སོགས་ཀྱི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་སྤྱི་བདེ་ཐིང་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ཚལ་ཉེན་རྟོག་སྡེ་ཁག་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་འགན་ནུས་བྱེད་ནུས་འདོན་སྤེལ་བྱེད་པ་དང་། “ཕུབ་སྔོན2021”ཆེད་སྤྱོད་བཅོས་སྐྱོང་དང“བསིལ་རླུང་འགུལ་སྐྱོད”། “ཁུ་ནུ2021”སོགས་ཀྱི་ཆེད་སྤྱོད་བྱ་འགུལ་སྤེལ་ཏེ། སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་ནག་ཉེས་ལ་རྒོལ་རྡུང་གཏོང་བ་རྒྱུན་འཁྱོངས་བྱས་ནས། ནགས་ཚལ་དང་རི་སྐྱེས་སྲོག་ཆགས་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཕན་ནུས་ལྡན་པའི་འགོག་སྲུང་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ནགས་ཁུལ་བཅོས་སྐྱོང་གཏན་འཇགས་ལ་སྲུང་སྐྱོང་བྱས།

ཞིང་ཆེན་སྤྱི་བདེ་ཐིང་དང་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་ལྟར། རིམ་པ་སོ་སོའི་ནགས་ཚལ་ཉེན་རྟོག་སྡེ་ཁག་གིས་ས་གནས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་སྒོས། ཆེད་སྤྱོད་བྱ་འགུལ་ལག་བསྟར་བྱ་ཐབས་གཏན་འབེབས་བྱས་པ་དང་། རྒོལ་རྡུང་གི་གཙོ་གནད་ས་ཁོངས་གཏན་འཁེལ་དང་། གཙོ་གནད་གྱོད་གཞི་དང་གཙོ་གནད་ཁ་གཏད་ལ་རྒོལ་རྡུང་བཏང་ནས། དམིགས་འབེན་གསལ་བོ་དང་འགུལ་སྐྱོད་ལ་ཕན་ནུས་ལྡན་པར་བྱེད་དགོས། རིམ་པ་སོ་སོའི་ས་གནས་ཀྱིས་སྐྱེ་ཁམས་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ནག་ཉེས་ཀྱི་བྱེད་ནུས་དང་ཉེན་རྟོག་པའི་སྡེ་ཁག་གི་འགན་ནུས་དགེ་མཚན་འདོན་སྤེལ་དང་། མཐུན་སྦྱོར་དམ་ཟབ་དང་མཉམ་ལས་དམག་འཐབ་དམ་ཟབ་སྒོས། བཀོད་འདོམས་ལེགས་པོ་དང་འཁོར་རྒྱུག་ནུས་མཐོ། མཐུན་སྦྱོར་དམག་འཐབ་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།