མཚོ་སྔོན་ཞིང་ཆེན་མི་དམངས་མཁའ་ཟོན་གཞུང་ལས་ཁང་གི་མཁའ་ཟོན་ཉེན་བརྡ་གཏོང་བའི་སྐོར་གྱི་སྤྱི་བསྒྲགས།

མི་དམངས་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་མཁའ་ཟོན་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། མཁའ་ཟོན་དང་གནོད་འཚེ་སྔོན་འགོག་གི་ཉེན་བརྡའི་བརྡ་རྟགས་ལ་རྒྱུས་མངའ་ཡོད་པར་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས》ལག་བསྟར་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། 2021ལོའི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད10ནས་ཆུ་ཚོད10དང་སྐར་མ11བར། ཞིང་ཆེན་ཡོངས་ཀྱི་མི་དམངས་མཁའ་ཟོན་གྱི་གཙོ་གནད་གྲོང་ཁྱེར(གྲོང་རྡལ)གྱི་ཁྱབ་ཁོངས་སུ་མཁའ་ཟོན་གྱི་ཉེན་བརྡ་གཏོང་བ་ཚོད་ལྟ་བྱ་རྒྱུ་ཡིན།  ཚོད་ལྟ་བྱེད་སྐབས་རྒྱ་ཆེའི་གྲོང་མིས་མཁའ་ཟོན་བྱ་བའི་ཉེན་བརྡའི་བརྡ་རྟགས་དབྱེ་འབྱེད་བྱེད་པར་དོ་སྣང་བྱས་ཏེ། རྒྱུན་ལྡན་ལྟར་ཐོན་སྐྱེད་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་དགོས།

ཆེད་དུ་སྤྱི་བསྒྲགས་སྤེལ་བ་ཡིན།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།