དངོས་བཤུས་གློག་བརྙན།——མགོ་ལོག་ནས་ཐོན་པ།

གཉན་པོ་གཡུ་རྩེ་ནི་ཁྲ་ལ་རི་རྒྱུད་ཀྱི་རི་བོ་ཆེས་མཐོ་ཤོས་དེ་ཡིན། ཕུན་སུམ་ཚོགས་པོའི་འཁྱགས་རོམ་གྱི་ཆུ་ཁུངས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཀླུང་ཆེ་མ་ཆུང་གསུམ་དག་གསོ་སྐྱོང་བྱས་ཡོད། དེའི་འདབས་རོལ་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ། མི་རྣམས་ཀྱིས་ཕ་མེས་ཡང་མེས་ནས་བརྒྱུད་པའི་ལས་བཟོས་བཟོ་རྩལ་རྒྱུན་འཛིན་གནང་ཡོད། ཟླ་དགུ་བའི་མཐོ་སྒང་གི་སྐྱེ་དངོས་སྣ་ཚོགས་ལ་གསོན་ཤུགས་ཀྱིས་གཏམས་ཡོད་ལ། བསོད་གྲགས་ཀྱིས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལག་བཟོས་བཟོ་རྩལ་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་ལ་སེམས་ཁུར་བྱེད་ཀྱིན་ཡོད་པ་དང་། བཟོ་བ་ཁ་ཤས་སྔ་རྗེས་སུ་ཁ་བྲལ་བ་དེས་སྣ་གཅིག་རང་བཞིན་གྱི་ཐོན་རྫས་ཀྱི་ཕྱིར་འཚོང་ཐབས་ལམ་ཇེ་དོག་ནས་ཇེ་དོག་ཏུ་གྱུར་པས། བསོད་གྲགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ཕྱིར་འཚོང་གི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས་པའི་སེམས་ཐག་བཅད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།