མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས21རྒྱལ་ཡོངས་ཀྱི“གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོབ་ལས་གནས”སུ་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ8པའི་ཚེས28ཉིན། འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་ལྟར་ན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཉེ་ཆར་པར་འགྲེམས་བྱས་པའི《2019ལོ་ནས2020ལོའི་བར་གྱི་རྒྱལ་ཡོངས་ཀྱི“གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོབ་ལས་གནས”ལ་མིང་བཏགས་པའི་སྐོར་གྱི་བརྡ་ཐོ》ཡི་ནང་། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས21ཚུད་ཡོད་པ་རེད། དེའི་ནང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། དམངས་སྲིད། ཁྲིམས་འཛིན་སྲིད་སྐྱོང་། ཁྲོམ་རའི་ལྟ་སྐུལ་བཅས་ཀྱི་དོ་དམ་མ་ལག3རེ་དང་། སློབ་གསོ། ཁོངས་གཏོགས་གཞན་དག2རེ། སྤྱི་བདེ། རིག་གནས། ཡུལ་སྐོར་གྱི་ཁོངས་གཏོགས1རེ་བཅས་ཡོད་པ་རེད།

ཤེས་གསལ་ལྟར་ན། “གཞོན་ནུ་ལོ་ཆུང་གི་ཁེ་དབང་ལས་གནས”གསར་འཛུགས་བྱེད་སྒོ་དེ1998ལོ་ནས་མགོ་ཚུགས་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་སོགས་པུའུ་ཨུ12དང་མཉམ་འབྲེལ་གྱིས་སྤེལ་ཞིང་། 2018ལོའི་བར་རྒྱལ་ཁབ་རིམ་པའི“གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོབ་ལས་གནས”4232བཙུགས་ཡོད་པ་རེད། 2019ལོར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་རེས་སྐོར་གསར་པའི་རྒྱལ་ཡོངས་ཀྱི“གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོབ་ལས་གནས”གསར་འཛུགས་བྱེད་པའི་ལས་དོན་སྤེལ་མགོ་བཙུགས་པར། ས་གནས་ཁག་དང་ཁོངས་གཏོགས་ཁག་གིས་དང་ལེན་ཧུར་ཐག་བྱས་ཡོད། ལོ་གཉིས་ཀྱི་གསར་འཛུགས་དུས་ཚད་ལོངས་རྗེས་གཅིག་སྡུད་ཀྱིས་ཚགས་པར་སྟེང་འོས་སྦྱོར་དང་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། གསར་འཛུགས་ལས་ཁུངས721འབུར་དུ་ཐོན་པས་རྒྱལ་ཡོངས་ཀྱི“གཞོན་ནུ་ལོ་ཆུང་གི་དབང་ཆ་སྲུང་སྐྱོབ་ལས་གནས”ཀྱི་མིང་བཏགས་གནང་ཡོད་པ་རེད། དེ་དག་ནི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། སློབ་གསོ། སྤྱི་བདེ་སོགས་མ་ལག13ནས་ཡོང་ཞིང་། ཚང་མས་འཐབ་ཡུལ་དང་པོར་གཞི་བཙུགས་ཏེ། གཞོན་ནུ་ལོ་ཆུང་འཚར་ལོངས་འཕེལ་རྒྱས་དང་ཁེ་དབང་འགན་ལེན་ལ་ཞབས་འདེགས་ཞུ་བའི་རྐང་འཛིན་སྟོབས་ཤུགས་ཤ་སྟག་ཡིན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།