ལི་ཧུང་ཡ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཏང་ལ་བློ་དཀར་བའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ནས་ཧུར་བརྩོན་གྱིས་མཐོ་ས་གསར་བ་དང་འགན་འཁྲི་གསར་བ། ཆུ་ཚད་གསར་བ། སྣང་བརྙན་གསར་བ་བཅས་མངོན་པར་མཚོན་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་དང་ཟུང་འབྲེལ་དང་། རང་ངོས་ཀྱི་སློབ་སྦྱོང་དང་མཚོ་སྔོན་གྱི་སྤྱི་བདེའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “གསུང་བཤད་གལ་ཆེན་སློབ་སྦྱོང་དང་བསླབ་བྱའི་ངེས་ཚིག་གལ་ཆེན་བློ་ལ་བརྟན་པོར་བཟུང་ནས། སྐོར་གཉིས་པའི་སྤྱི་བདེའི་དཔུང་ཁག་གི་སློབ་གསོ་དག་ཐེར་ལ་ནན་གྱིས་སྐུལ་འདེད་བཏང་སྟེ་གཏིང་ཟབ་དང་ཏན་ཏིག་ངང་དོན་འཁྱོལ་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། འཕྲེད་གཞུང་ཟུང་འབྲེལ་གྱིས་བསྡུར་ཚད་མཐོ་རུ་བཏང་ནས་སྤྱི་བདེ་ཐིང་གི་མི་དམངས་ཉེན་རྟོག་པ་དང་ལས་བཟོ་བའི་ཏང་གི་ཆེད་དོན་སློབ་ཁྲིད་བྱས། ཞིང་ཆེན་གྱི་སྲིད་ཁྲིམས་དཔུང་ཁག་སྐོར་གཉིས་པའི་སློབ་གསོ་དག་ཐེར་གྱི་བཅའ་སྡོད་ས་ཚིགས་གཉིས་པའི་མཛུབ་ཁྲིད་ཚན་ཆུང་གྲོས་ཚོགས་སྟེང་མཛུབ་ཁྲིད་གནང་བར་སླེབས།

སློབ་ཁྲིད་སྐབས་ལི་ཧུང་ཡས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི“རླབས་ཆེན་གྱི་གྲུབ་འབྲས་བཞི”དང“རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས”།  “ངེས་པར་དགུ”། “རླབས་ཆེན་གྱི་འབོད་སྐུལ”བཅས་ལ་འགྲེལ་བཤད་གཏིང་ཟབ་བྱས་པ་དང་། ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”གི་མཛུབ་ཁྲིད་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་དགོངས་དོན་གྱི་དངོས་ཡོད་གྲུབ་འབྲས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། སློབ་གསོ་དག་ཐེར་དཔུང་ཁག་དང་སྤྱི་བདེ་པུའུ་ཡི་ཆབ་སྲིད་ལྟ་ཞིབ། ཞིང་ཆེན་སྐོར་ཞིབ་ལྡོག་འདྲེན་གྲོས་གཞི་དག་ཐེར་ལ་ནན་གྱིས་བཀོད་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་གིས་ཏང་ལ་བློ་དཀར་བའི་བསམ་བློའི་རྨང་གཞི་སྔར་ལས་བརྟན་པོ་འཛུགས་པ་དང་། འགན་འཁྲི་ཁུར་ཕོད་པའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་ནས། བསམ་བློའི་ཐད་ཐུན་མོང་གི་ངོས་འཛིན་ཡོད་པ་དང་། བསམ་བློའི་ཐད་སེམས་འགུལ་ཐེབས་པ། དོན་འཁྱོལ་ཐད་བྱ་ཐབས་ཡོད་པ་བཅས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།