མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནས་གསའ105མཐོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསའ་ལ“གངས་རིའི་རྒྱལ་བོ”ཞེས་འབོད་སྲོལ་ཡོད་ལ། མདོ་དབུས་མཐོ་སྒང་ནི་གསའ་ཡི་རིགས་རྒྱུད་མཆེད་ས་ཡིན་པ་དང་། མདོ་ལ་རི་བོ་ནི་རང་རྒྱལ་གྱི་གསའ་ཡི་འཚོ་གནས་བྱེད་ས་གལ་ཆེན་ཞིག་ཡིན། གསར་འགོད་པས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་ཤེས་གསལ་ལྟར། ཆེས་གསར་བའི་ལྟ་ཞིབ་གྲངས་གཞི་ལས་མངོན་པ་ལྟར་ན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཁུལ་དུ་གསའ་ཡི་བརྙན་རིས་རྒྱུ་ཆ1528འཚོལ་བསྡུ་བྱས་ཡོད་པ་དང་། གསའ105ངོས་ཟིན་ཐུབ་ཡོད། དེའི་ཁྲོད་དུ་རྒྱལ་ནང་ནས་ཆེས་ཐོག་མར་མཐོང་པའི་གསའ5མཉམ་དུ་བརྙན་མིག་ནང་དུ་མངོན་ཡོད་པ་རེད། 

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་བསྟུད་མར་ལོ5རིང་ལ་གསའ་ལ་རྟོག་ཞིབ་ཚད་འཇལ་བྱས་པ་དང་། རིམ་རྩིས་བྱས་ན་བརྙན་མིག་ཐེངས2000ལྷག་བཙུགས་ཡོད་ལ། ལྟ་ཞིབ་ཚད་འཇལ་གྱི་ཁྱབ་ཁོངས་སྟོང་སྨི་གྲུ་བཞི་མ7000ལ་ཆེར་བསྐྱེད་ཡོད། གསའ་ཡི་འདྲ་པར་དང་བརྙན་རིས5500ལྷག་དང་གསའ་ཡི་སྡོད་གནས95ལྷག་གཏན་ཁེལ་ཐུབ་ཡོད། སྔོན་དཔག་བྱས་པ་ལྟར་ན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་གྱི་གསའ་ཡི་འཚོ་སྡོད་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4175ཡོད། 

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་ལས་དོན་མི་སྣས་བསྟན་དོན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་དུ་སྐྱེ་ཁམས་བདག་སྐྱོང་པའི་ལམ་སྲོལ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྐྱེ་ཁམས་བདག་སྐྱོང་པས་ཆུ་དང་ནགས། རྩྭ་རར་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འགན་ལྕི་མོ་ཡང་འཁུར་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་དུ་གསའ་ཡི་གྲངས་ཀ་དང་འཚོ་སྡོད་ཁུལ་ཅུང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཐུབ། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།