ཟི་ལིང་གྲོང་ཁྱེར་གྱི་གྱོད་དོན་རིགས་གཉིས་བྱུང་ཚད་བསྟུད་མར་མར་ཆག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས26ཉིན་ནི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་གནང་བའི་མཛད་སྒོའི་ལོ་འཁོར1འགོར་བའི་ཉིན་མོ་ཡིན་ཞིང་། ལོ་ངོ་གཅིག་གི་རིང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གདམས་ཚིག་བླང་བྱ་དམ་འཛིན་བྱས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དྲང་བདེན་གྱིས་ཁྲིམས་ལུགས་ལག་བསྟར་བྱེད་པ། སྒྲིག་ཁྲིམས་གཟབ་ནན་དང་ཚད་ལྡན་གྱི“གྲུབ་འབྲས”ཤིག་བླངས་ནས། ཟི་ལིང་གྲོང་ཁྱེར་གྱི་གྱོད་དོན་རིགས་གཉིས་ཀྱི(བདེ་འཇགས་བཅོས་སྐྱོང་གྱོད་གཞི་དང་ཉེས་དོན་གྱོད་གཞི)བྱུང་ཚད་བསྟུད་མར་མར་ཆག

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཁྱོན་ཡོངས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་དུ་རྡུང་ཐུག་འགོག་ཆས་ནང་འཇུག་བྱས་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ“ཆགས་སྲེད་དང་འཕྲོག་བཅོམ། དུག་རྫས་འགོག་པ”དང་“བརྐུ་བ་དང་འཕྲོག་བཅོམ། མགོ་སྐོར”སོགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྒོལ་རྡུང་བཏང་བ་མ་ཟད། སྤྱི་ཚོགས་བདེ་འཇགས་འགོག་སྲུང་ཚོད་འཛིན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་རིམས་འགོག་ཚོད་འཛིན་སོགས་ཀྱི་སྒྲིག་སྲོལ་འཚོལ་ཞིབ་གཏན་འབེབས་བྱས་ཤིང་། རྫོང་རིམ་པའི་སྐོར་ཞིབ་འགོག་སྲུང་རུ་ཆེན7དང་སྲང་ལམ་ཉེན་རྟོག་ལས་སྒྲུབ་ཁང23། སྤྱི་བདེ་ཞིབ་བཤེར་ས་ཚིགས11འཛུགས་སྐྲུན་བྱས། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་ལ་སྐུལ་འདེད་བཏང་བ་དང་། རིགས་ཆེན་པོ3གྱི་སྣ71གི“གློད་སྡོམ་ཞབས་གསུམ”གྱི་དམངས་ཕན་བྱེད་ཐབས་ཀྱི་ཁེ་ཕན་འདོན་སྤེལ་གང་ལེགས་བྱས། ལོ་ངོ1གི་རིང་། རིགས་སོ་སོའི་ཉེས་དོན་གྱོད་གཞི11449གཏོར་བ་དང་། དོགས་ཡོད་ཉེས་ཅན3567བཟུང་ཞིང་། ནག་ཉེས་ཚོགས་པ94གཏོར་ལ། བདེ་འཇགས་བཅོས་སྐྱོང་གྱོད་གཞི14264རྩད་ཞིབ་དང་། རིགས་སོ་སོའི་ཁྲིམས་འགལ་དོགས་ཡོད་མི་སྣ5779བཟུང་སྟེ་སྤྱི་ཚོགས་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོང་བྱས། 

མུ་མཐུད་དུ་ཁྲིམས་ལུགས་ལག་བསྟར་ནུས་ཤུགས་འཁོར་རྒྱུག་སྒྲིག་སྲོལ་དང་། ཁྲིམས་ལུགས་ལག་བསྟར་ལྟ་སྐུལ་སྒྲིག་སྲོལ་བཅོས་བསྒྱུར་འཐུས་ཚང་དུ་བཏང་ནས། ཉེས་དོན་གྱོད་གཞིའི“གཅིག་གྱུར་གཉིས”ཀྱི་སྒྲིག་སྲོལ་བཅོས་བསྒྱུར་ལེགས་འགྲུབ་བྱས་པ་དང་། ཕྱོགས་ཡོངས་ནས་དྲ་ཐོག་གྱོད་སྒྲུབ་ཁྱབ་གདལ་དུ་བཏང་། ཁྲིམས་ལུགས་ལག་བསྟར་ཚད་ལྡན་ཅན་གྱི་རིམ་སྤར་བྱ་བ་གཏིང་ཟབ་སྒོས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རིག་ནུས་ཅན་གྱི་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་བཅས་གཅིག་དྲིལ་གྱི་ཉེས་དོན་དང་འབྲེལ་བའི་རྒྱུ་ནོར་དོ་དམ་ལྟེ་གནས་ཐོག་མ་འཛུགས་སྐྲུན་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།