རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མཚོ་སྔོན་ལུས་རྩལ་འཐུས་ཚབ་ཚོགས་པས་འགྲན་ཞུགས་མཛད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མཚོ་སྔོན་ལུས་རྩལ་འཐུས་ཚབ་ཚོགས་པ་དངོས་སུ་བཙུགས་པ་དང་སྦྲགས། དོ་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་འགྲན་ཞུགས་མཛད་སྒོ་སྤེལ། མཚོ་སྔོན་ཞིང་ཆེན་ལ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་བ8དང་། རྣམ་གྲངས་ཆུང་བ35ཡི་རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་ཐོབ་ཐང་ཐོབ་པ་དང་། ལུས་རྩལ་པ58ཧྲའན་ཤི་ཞིང་ཆེན་དུ་བསྐྱོད་ནས་བྱ་དགའི་རྟགས་མ་བརྩོན་ལེན་བྱ་རྒྱུ་རེད། ཧྲིན་ཀྲང་གཞོན་པའམ། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དབྱང་ཧྥེང་ཁྲུན་གྱིས་འཐུས་ཚབ་ཚོགས་པའི་དར་འཛིན་མཁན་ལ་དར་ཆ་གནང་། 

ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གྲ་སྒྲིག་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་། ལུས་རྩལ་གྱི་སྡེ་ཁག་སོ་སོ་དང་ལུས་རྩལ་རུ་ཁག་སོ་སོས་དུས་ཡུན་གསར་པའི་རྩལ་འགྲན་ལུས་རྩལ་འཆར་འགོད་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གྲ་སྒྲིག་བྱེད་ཐབས་དང་འགྲན་ཞུགས་དམིགས་ཚད་ཁ་གསལ་བཟོས་ནས། རྩལ་འགྲན་ལུས་རྩལ་གྱི་རྣམ་གྲངས་སོ་སོའི་འཕེལ་རྒྱས་ཀྱི་ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་བཏང་བ་རེད། “མེས་རྒྱལ་ང་ཡི་སེམས་སུ་བཅངས”དང“ཨང་དང་པོར་སློབ་སྦྱོང་བྱེད”སོགས་གཞི་རྟེན་ལ་བརྟེན་ནས། ལུས་རྩལ་པ་དང་རྩལ་ཁྲིད་པར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་བསྣན་པ་དང་། སྦྱོང་བརྡར་དང་དམག་གྲབས་ཀྱི་སྤྲོ་སེམས་ཆེས་ཆེར་སྤེལ་བ་དང་། ལུས་རྩལ་རུ་ཁག་ཁག་གིས་ལོ་འཁོར་གྱི་དགུན་སྦྱོང་བྱས་པ་བརྒྱུད། ལུས་སྟོབས་སྦྱོང་བརྡར་ལ་ཤུགས་སྣོན་དང་ཆེད་དོན་རྩལ་ནུས་ཆེ་རུ་བཏང་ནས་རྩལ་འགྲན་རྣམ་གྲངས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད། 

ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ལུས་རྩལ་པ་དང་། རྩལ་ཁྲིད་པ། འགན་ལེན་མི་སྣ་བཅས་ཚང་མས་དམག་འཐབ་ཀྱི་འདུ་ཤེས་དང་ཧྲའན་ཤི་དུ་རྟིང་ཐག་གཅོད་པའི་ཆོད་སེམས་ཀྱིས། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོའི་ཁྲོད་ནས་བསྡུ་ལེན་བྱས་པའི“འཚོ་བཅུད”དང་འབད་འབུངས་ཀྱི་སྟོབས་ཤུགས་བཏོན་ནས། དུས་འཁོར་གསར་པའི་སྦྱོང་བརྡར་དང་དམག་གྲབས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། གཏིང་ཤུགས་དང་བརྗིད་ཉམས། བཙན་གཤིས་བཅས་ཀྱིས་གསེར་གྱི་རྟགས་མ་བརྩོན་ལེན་ཐོག་ཐོལ་བརྒལ་དང་འགག་རྒལ་བྱས་ཏེ། “འགན་འཁྲི་ཕྲག་ཏུ་ཡོད། འབད་འཐབ་ང་ཡིས་བྱེད”ཅེས་པའི་མི་ཚེའི་དམ་ཚིག་སྲུང་དགོས་ལ། དེ་དང་ཆབས་ཅིག ངར་སྨན་ལ“གཏན་ནས་བཟོད་སྒོམ་མི་བྱེད་པ”དང“གཏན་ནས་མེད་པའི”སྒོ་ནས་ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་། དྭངས་གཙང་གི་གསེར་གྱི་རྟགས་མ། བརྗིད་ཉམས་ཀྱི་གསེར་གྱི་རྟགས་མ་བཅས་བླངས་ནས། གཙོ་གཞིའི་འགན་འཁྲི་ཇེ་ནན་དུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ངར་སྨན་དང་། འགྲན་བསྡུར་སྤྱོད་ཚུལ། སྒྲིག་ལམ་བཅས་ཀྱི་ཐད་གཏན་ནས་གནད་དོན་མི་བྱུང་བར་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།