2021ལོར་འབྲི་ཆུའི་འབྱུང་ཡུལ་ཚན་རིག་རྟོག་ཞིབ་བྱེད་སྐབས་སོག་པོ་ཁྲ་ཡག་ཏུ་གནའ་བོའི་འཁྱག་རོམ་གྱི་རྗེས་ཤུལ་ཞིག་རྙེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2021ལོའི་འབྲི་ཆུའི་འབྱུང་ཡུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྟོད་རྩེ་ཤང་སོག་པོ་ཁྲ་ཡག་ཏུ་རྟོག་ཞིབ་བྱེད་སྐབས། འབྲི་ཆུའི་འབྱུང་ཡུལ་ཁུལ་གྱི་གནའ་བོའི་འཁྱགས་རོམ་གྱི་རྗེས་ཤུལ་ཞིག་ཤེས་རྟོགས་བྱུང་བ་དང་། ལྕེ་དབྱིབས་འཁྱགས་རོམ་དེ་ས་བབ་སྨི5876ཟིན་པའི་ཀ་ལ་གངས་རིའི་རི་རྒྱུད་ཀྱི་རྩེ་ནས་འབྲི་ཆུའི་རིམ་པ་དང་པོའི་ཡན་ལག་ཆུ་ཕྲན་ཉ་ཆགས་ཆུའི་བར་སྣུར་སྲིང་བྱས་ཡོད་ལ། དེའི་བར་གྱི་ཐལ་བྲག་ས་དབྱིབས་ལ་འཁྱགས་རོམ་གྱིས་རིང་ཚད་ལ་སྨི20ཙམ་ཟིན་པའི་འཁྱགས་ལུང་ཞིག་བཟོས་པ་དེ་ནི་སྲིད་པའི་ལོ་རབས་བཞི་བའི་འཁྱགས་རོམ་ལ་དུས་ཡུན་ཡུན་རིང་བོར་འཁྱགས་དར་འོག་སྦས་པས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སོག་པོ་ཁྲ་ཡག་འཁྱགས་རོམ་ཆགས་པ་དེ་གཙོ་བོ་མཚོ་བོད་ས་མཐོ་ནས་བྱུང་བ་དང་། མཚོ་བོད་ས་མཐོ་ཆེས་ཆེར་འཕར་བ་དང་འབྲེལ་མཚམས་མཚམས་ཀྱི་མཐོ་ཚད་ལ་སླེབས་པ་དང་སྦྲགས། ས་མཐོའི་དུས་རླུང་རིམ་གྱིས་ཆགས་ཀྱི་ཡོད། ས་མཐོའི་དུས་རླུང་གིས་གོ་ལ་ཕྱེད་བྱང་མའི་རླུང་ཁམས་ཆེན་མོའི་འཁོར་རྒྱུག་ལ་འགྱུར་ལྡོག་བཏང་ནས་གྲུབ་ཡོད། སོག་པོ་ཁྲ་ཡག་འཁྱགས་ལུང་རྗེས་ཤུལ་ནི་འབྲི་ཆུའི་འབྱུང་ཡུལ་ཁུལ་གྱི་འཁྱགས་ལུང་ཆེ་ཤོས་དང་ཆེས་རིང་ཤོས། དཔེ་མཚོན་ཆེ་ཤོས་བཅས་ཀྱི་གྲས་ཤིག་རེད། དཔེ་མཚོན་ས་དབྱིབས་དེར་འབྲི་ཆུའི་རིམ་འགྱུར་གྱི་བརྒྱུད་རིམ་འཚོལ་ཞིབ་བྱེད་པར་ཚན་རིག་གི་རིན་ཐང་གལ་ཆེན་ལྡན་པ་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལའང་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་ཞིག་བསྐྲུན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།