མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་དུ“གྲོང་གསེབ་དར་སྤེལ་གྱི་ཕྱུགས་ཟོག་དངུལ་བུན”ཐོག་མ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སྒང་རོང་འབྲོག་ཁུལ་གྱི་ཁྱད་ལྡན་སྐྱེ་ལྡན་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས་ཏེ། ཕྱུགས་ཟོག་གི་ཁེ་ལས་ཆུང་བ་དང་ཆེད་ལས་དུད་ཁྱིམ་ཆེ་གྲས། དུད་ཁྱིམ་ཞིང་ར། ཞིང་བའི་ཆེད་ལས་མཉམ་ལས་ཁང་སོགས་བདག་གཉེར་གཙོ་གཞིའི་མ་དངུལ་མཉམ་འདྲེས་བྱེད་དཀའ་བ་དང་། མ་དངུལ་མཉམ་འདྲེས་དཀོན་པ། དེ་མིན་གཏའ་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཟླ8པའི་ཚེས19ཉིན། མི་དམངས་དངུལ་ཁང་མགོ་ལོག་ཁུལ་ལྟེ་གནས་ཡན་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་དགའ་བདེ་རྫོང་ཡན་ལག་དངུལ་ཁང་ལ་མཛུབ་སྟོན་བྱས་ཏེ། ཆེད་ལས་དུད་ཁྱིམ་ཆེ་གྲས་ལ་ཁུལ་ཡོངས་སུ་དུས་ཡུན་ལོ3ཡིན་ཞིང་ལག་བསྟར་སྐྱེད་ཀའི་ཚད3.85%ཡིན་པ། དངུལ་བུན་སྒོར་ཁྲི30ཡི“གྲོང་གསེབ་དར་སྤེལ་གྱི་ཕྱུགས་ཟོག་དངུལ་བུནཐོག་མའི་ལས་གཉེར་སྒྲུབ་པ་དང་།ཐེངས་འདིའི་ལས་གཉེར་ནི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱིས་བདེ་བླག་ངང་ཕྱུགས་ཟོག་གཏའ་འཇོག་དངུལ་བུན་གཏོང་བ་ཡིན་ལ། དེས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི“གྲོང་གསེབ་དར་སྤེལ་གྱི་ཕྱུགས་ཟོག་དངུལ་བུནཐོག་མའི་ལས་གཉེར་ཁྱོན་ཡོངས་ནས་རྒྱ་བསྐྱེད་པར་དོན་སྙིང་ལྡན།

གཏའ་འཇོག་དངོས་པོའི་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། དངུལ་བུན་དེ་མ་དངུལ་མཉམ་འདྲེས་བརྒྱུད་དེ་གཅིག་བསྡུས་སྒོས་ཐོ་འགོད་མ་ལག་ནས་གཏའ་འཇོག་ཐོ་འགོད་བྱེད་པ་དང་། ཕྱོགས་གསུམ་པའི་ལག་བསྟར་དྲངས་ནས“རྣ་རྟགས”རྒྱག་པའི་འགུལ་རྣམ་ལྟ་སྐུལ་ཚད་ལེན་དང་དོ་དམ་ལག་བསྟར་བྱས་ཏེ། དེ་སྔོན་གྱི་ཕྱུགས་ཟོག་གཏའ་མ་འཇོག་ཐབས་མེད་པའི་གནད་དོན་ཐག་གཅོད་བྱས། ཕྱུགས་ཟོག་ལ་ཚོང་རའི་དཔྱད་འཇོག་བྱས་རྗེས། དཔྱད་འཇོག་རིན་ཐང་གི40%ཡི་ཚད་ལྟར་ཕྱུགས་ཟོག་གཏའ་འཇོག་གི་དངུལ་བུན་གཏོང་བ་ཡིན་ལ། དཔྱད་འཇོག་འགྲོ་གྲོན་ཚང་མ་དངུལ་ཁང་གིས་འགན་ཁུར་བ་དང་། ལག་བསྟར་སྐྱེད་ཀའི་ཚད་དེ་ཁུལ་ཡོངས་ཀྱི་དངུལ་རྩའི་ལས་རིགས་གཅིག་པ་ལས་ཆེས་དམའ་བ་ཡིན་ཞིང་། གྲོན་ཉུང་ཁེ་ཐོབ་ཀྱི་རྒྱལ་ཁབ་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ཏེ། མཐོ་སྒང་རོང་འབྲོག་ཁུལ་གྱི་ལྗང་མདོག་ཡིད་རྟོན་དངུལ་བུན་ཐོན་ཁུངས་ཇེ་ལེགས་སུ་བཏང་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་གསོན་ཤུགས་བསྣན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།