མཚོ་སྔོན་གྱི་ས་ཁུལ15རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་མིང་ཐོ་རུ་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས27ཉིན། ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་པུའུ་ཡིས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་མིང་ཐོ160ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་། རྩེ་ཁོག་རྫོང་། གུང་ཧོ་རྫོང་། རྨ་ཆེན་རྫོང་། པད་མ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་། ཡུས་ཧྲུའུ་གྲོང་ཁྱེར། རྫ་སྟོད་རྫོང་། ཁྲི་འདུ་རྫོང་། འབྲི་སྟོད་རྫོང་། ནང་ཆེན་རྫོང་། ཆུ་དམར་ལེབ་རྫོང་བཅས་བདམས་ཐོན་བྱུང་། 

LOCAL202108272011000193295706104.jpg

པར་འདི་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་བདེ་སྐྱིད་གྲོང་ཚོ་རེད།

རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་མིང་ཐོ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུའི་དགོངས་དོན། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བསམ་འཆར》གྱི་བཀོད་སྒྲིག་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་འབྲེལ་ཡོད་ཡིག་ཆ་དཔར་འགྲེམ་བྱས་ཏེ། ནུབ་རྒྱུད་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར10ཡིས་མི་རེའི་ཆ་སྙོམས་ཀྱི་ས་གནས་ཐོན་སྐྱེད་རིན་ཐང་དང་མི་རེའི་ཆ་སྙོམས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་སྒོ། ཞིང་བ་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སོགས་ཀྱི་དམིགས་ཚད་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་པ་བརྒྱུད། དབུལ་ཐར་བྱུང་བའི་གོ་རིམ་དང་དབུལ་ལོག་ཉེན་ཁ་སོགས་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིགས་བྱས་ཏེ་ས་གནས་སོ་སོའི་དོན་དངོས་དང་བསྟུན་ནས་གཏན་ཁེལ་བྱས་པ་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།