མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་གི་བརྒྱུད་རིམ།

ད་ལོ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ལོ་ངོ་བདུན་ཅུའི་རིང་ལ། དུས་སྐབས་མི་འདྲ་བའི་ཏང་གི་འཐབ་ཇུས་ལས་འགན་ལ་དམིགས་ནས་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་ལ་འདེགས་སྐྱོར་ཆེན་པོ་བྱས་པ་དང་། འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ཤུགས་ཆེན་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཏང་གི་སློབ་གྲྭའི་སློབ་ཁྲིད་དང་ཚན་ཞིབ་དོ་དམ་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་སློབ་གྲྭའི་མདུན་གྲལ་དུ་སླེབས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཕྱོགས་ལ་ནུས་པ་གལ་ཆེན་བཏོན་ཡོད།

གཤམ་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཅུང་ཙམ་གླེང་ན།

གཅིག གསར་འཛུགས་བྱེད་པའི་དུས་སྐབས། (1951ལོ་ནས1976ལོ་བར།)

1951ལོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་རྩ་འཛུགས་སྒྲིག་གཞི་བཙུགས་ཏེ། མགོ་ཁྲིད་ཚན་ཁག་བཀོད་སྒྲིག་བྱས། སློབ་གྲྭའི་འཇོན་མིའི་དཔུང་ཁག་གི་འཛུགས་སྐྱོང་ཕྱོགས་སུ།གཅིག་ནས་སློབ་གྲྭ་རང་ཉིད་ཀྱིས་གསོ་སྐྱོང་བྱེད་པ་དང་། སློབ་མའི་ཁྲོད་ནས་འདེམས་འཇོག་བྱེད་པ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཐོག་མའི་འཇོན་མིའི་དཔུང་ཁག་བཙུགས། གཉིས་ནས་དགེ་རྒན་ཟབ་སྦྱོང་གི་འཆར་གཞི་བཟོས་ཏེ། དུས་དང་རིམ་པ་ལྟར་དགེ་རྒན་བདམས་ཏེ་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། སློབ་ཆེན་གཞན་པ་རུ་གསོ་སྦྱོང་ཟབ་སྦྱོང་བྱེད་པར་མངགས་པ་དང་། ད་དུང་བཟོ་གྲྭ་དང་གྲོང་གསེབ་ཏུ་མངགས་ཏེ་སྤྱི་ཚོགས་ལག་ལེན་དང་གནས་སྦྱར་སྦྱོང་བརྡར་ལ་ཞུགས་སུ་བཅུག་སྟེ་རིམ་བཞིན་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཅུང་ལེགས་པའི་འཇོན་མིའི་དཔུང་ཁག་ཅིག་འཛུགས་ཐུབ་པ་བྱུང་། 1963ལོའི་ལོ་མཇུག་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སྲིད་འཛིན་རྒྱབ་ཕྱོགས་མཁོ་སྒྲུབ་སྡེ་ཁག་གསུམ་དང་སློབ་དཔྱོད་ཁང་བཞི་ཡོད་པ་དང་། དགེ་རྒན་དང་ལས་བྱེད་པ150ལ་སླེབས་ཏེ་ཏང་གི་སློབ་གྲྭ་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་ལེགས་པོ་བཏིང་།འོན་ཀྱང་རིག་གནས་གསར་བརྗེའི་ཤུགས་རྐྱེན་ཐེབས་པའི་དབང་གིས1968ལོའི་ཟླ7པར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དེ་མཚོ་སྔོན་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་མའོ་ཙེ་ཏུང་དགོངས་པའི་སློབ་སྦྱོང་འཛིན་གྲྭར་བསྒྱུར། ཟླ11པར་མཚོ་སྔོན་ཞིང་ཆེན་གྱི་མི་སྣ་དང་རྒྱུ་དངོས་ཁ་ཤས་ལྔ་བདུན་ལས་བྱེད་སློབ་གྲྭར་བགོས། 1969ལོའི་ཟླ12པར་དགེ་རྒན་དང་ལས་བྱེད་པ་ལྷག་མ་རྣམས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཅུས་དང་། མཚོ་སྔོན་དགེ་འོས་སློབ་གླིང་། ཟི་ལིང་གྲོང་ཁྱེར་གྱི་བཟོ་གཏེར་ཁེ་ལས་བཅས་སུ་ལས་བགོས་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་མེད་པར་བཏང་།

གཉིས། ཤུགས་སྣོན་རྒྱག་པའི་དུས་སྐབས།(1977ལོ་ནས2000ལོའི་བར།)

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བསྐྱར་སྐྲུན་བྱས་ཏེ། འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་སླར་ཡང་ཤུགས་སྣོན་བཏང་བ་དང་། ཚད་ལྡན་ཅན་གྱི་ལས་བྱེད་པ་གསོ་སྦྱོང་བྱེད་པར་རྨང་གཞི་བཏིང་ཡོད། གཅིག་ནས་སླར་གསོ་བསྐྱར་སྐྲུན་བྱེད་པ། 1977ལོར་སློབ་གྲྭ་བསྐྱར་སྐྲུན་བྱེད་སྐབས་སློབ་དཔྱོད་ཀྱི་མི་གཉིས་མ་གཏོགས་མེད། 1978ལོའི་ལོ་མཇུག་ཏུ་དགེ་རྒན18དུ་སླེབས། གནས་ཚུལ་དེར་དམིགས་ཏེ་ཕྱོགས་གཅིག་ནས་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། མཐོ་རིམ་སློབ་གླིང་བཅས་ནས་སློབ་གསོ་ཞིབ་འཇུག་ལས་དོན་སྤེལ་བའི་མི་སྣ་སྐོང་འཐེན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སློབ་གྲྭ་ཆེན་མོའི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་དང་ཞིབ་འཇུག་སློབ་མའི་ཁྲོད་ནས་སློབ་དཔྱོད་མི་སྣ་བསྐོ་བཞག་བྱས། 1982ལོའི་ལོ་མཇུག་བར་དགེ་རྒན42དང་། སློབ་ཁྲིད་སྲིད་འཛིན་མི་སྣ14དང་། སློབ་ཁྲིད་རམ་འདེགས་མི་སྣ18བཅས་བསྡོམས་པས་མི་གྲངས74རུ་སླེབས། གཉིས་ནས་སློབ་གླིང་གསུམ་པོ་གཅིག་ལྕོགས་སུ་གཉེར་བ། དུས་སྐབས་འདིར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ནང་དུ་ད་དུང་མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གཉིས་བཙུགས་ནས། ཏང་གི་སློབ་གྲྭ་ལ་སྒོ་བྱང་གསུམ་དང་རྩ་འཛུགས་གཅིག་གིས་གཅིག་ལྕོགས་སུ་གཉེར་ཞིང་། སློབ་གྲྭའི(སློབ་གླིང)ལས་དོན་ཨུ་ལྷན་གྱི་མགོ་ཁྲིད་འོག་ཏུ་སློབ་གཙོས་གཙོ་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས། 1991ལོའི་ཟླ10པའི་ཟླ་སྨད་དུ་ཏང་གི་སློབ་གྲྭའི་ལས་ཁུངས་ལེགས་སྒྲིག་དང་ཁ་སྣོན་བྱས་ཏེ་ཁྱོན་བསྡོམས་ཁྲུའུ་རིམ་པའི་ལས་ཁུངས24བཙུགས་ཡོད། གསུམ་ནས་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། བསམ་བློ་དང་། ལས་སྒོ། ཀུན་སྤྱོད་བཅས་ཕྱོགས་གསུམ་གྱི་ཐད་ནས་ཤུགས་སྣོན་བརྒྱབ་སྟེ། ལོ་ལྟར་འཆར་གཞི་ཡོད་པའི་སྒོ་ནས་སློབ་དཔྱོད་མི་སྣ་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བཀོད་སྒྲིག་བྱས་ཏེ།ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་དང་ལག་ལེན་གྱི་ཉམས་མྱོང་གསོག་འཇོག་བྱས་པ་རེད། ད་དུང་དགེ་རྒན་རྩ་འཛུགས་བྱས་ཏེ་སློབ་ཚན་གྲ་སྒྲིག་དང་། གནད་དོན་གྲོས་བསྡུར། ལྟ་སྦྱོང་སློབ་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་བ་རེད། 2000ལོའི་ལོ་མཇུག་བར་སློབ་གྲྭ་ལ་མཐོ་རིམ་ལས་གནས་ཐོབ་པའི་དགེ་རྒན5དང་། མཐོ་རིམ་གཞོན་པའི་དགེ་རྒན31དང་། འབྲིང་རིམ་ལས་གནས་ཀྱི་དགེ་རྒན76བཅས་ཡོད་པ་དང་། ད་དུང་ཞིང་ཆེན་ནང་ཁུལ་གྱི་ཏང་སྲིད་མགོ་ཁྲིད་པ་དང་ཆེད་མཁས་སློབ་དཔོན་གདན་ཞུ་བྱས་ཏེ་དམིགས་བསལ་གྱི་དགེ་རྒན་དཔུང་ཁག་ཅིག་བཙུགས་པས། དགེ་རྒན་དཔུང་ཁག་གི་བྱང་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།

གསུམ། བསྒྱུར་བཅོས་སྐུལ་འདེད་གཏོང་བའི་དུས་རིམ། (2001ལོ་ནས2010ལོའི་བར།)

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འཇོན་མིའི་ལས་དོན་དེ་འཕེལ་རྒྱས་སྐུལ་འདེད་གཏོང་བའི་རྨང་གཞི་དང་གནད་འགག་ཏུ་བརྩིས་ནས་ལས་དོན་ཁག་གི་ཨང་དང་པོར་བཞག་ཡོད། གཅིག་ནས་འཇོན་མིའི་བྱ་བ་བསྒྲུབ་པའི་འདུ་ཤེས་གསར་གཏོད་བྱས་པ། “འཇོན་མི་ནི་ཐོན་ཁུངས་དང་པོ་ཡིན་པ”ཞེས་པའི་འཇོན་མིའི་འདུ་ཤེས་རྒྱུན་འཁྱོངས་བྱས། གཉིས་ནས་འཇོན་མིའི་ལས་ཀའི་ནང་རྐྱེན་འཛུགས་རྒྱུ་འཚོལ་ཞིབ་བྱས་པ། ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་ལམ་སྲོལ་དང་། མི་ནུས་གང་ཡོད་འདོན་པ། འཇོན་ཐང་གང་ཡོད་འདོན་པ་བཅས་ཀྱི་ལམ་སྲོལ་སོགས་འཛུགས་པ། གསུམ་ནས་སྒྲིག་གཞི་དང་ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། སློབ་གྲྭ་ནང་ཁུལ་གྱི་སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་བྱས་པའི་རྨང་གཞིའི་ཐོག་འགྲན་རྩོད་ཀྱིས་ལས་གནས་འཁུར་བ་དང་གྲུབ་འབྲས་ལ་གཞིགས་ནས་ལས་གནས་ཐོབ་པའི་ལམ་ལུགས་བཙུགས་པ། བཞི་ནས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་པ། སློབ་ཁྲིད་ལས་དོན་དང་། ཚན་ཞིབ་ལས་དོན། རིག་ཚན་འཛུགས་སྐྱོང་། དྲ་རྒྱའི་ཆ་འཕྲིན། སྲིད་འཛིན་དོ་དམ། ཏང་གི་འཛུགས་སྐྱོང་། རྒྱབ་ཕྱོགས་ཞབས་ཞུ་སོགས་ཕྱོགས་དགུ་ནས་ལམ་ལུགས118གཏན་འབེབས་བྱས་ཏེ། ཚན་རིག་དང་མཐུན་པའི་དོ་དམ་མ་ལག་ཅིག་ཆགས་སུ་བཅུག་པ་དང་།སློབ་གྲྭ་དང་སློབ་གླིང་གི་ལས་དོན་ཁག་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།

བཞི། གསར་གཏོད་འཕེལ་རྒྱས་ཀྱི་དུས་རིམ།(2011ལོ་ནས་ད་ལྟའི་བར།)

འཇོན་མིའི་དཔུང་ཁག་གི་དམིགས་འབེན་ནི་བྱང་ཚད་མཐོ་བའི་དགེ་རྒན་དང་ལས་བཟོ་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་རྒྱུ་དེ་རེད། དེ་བཞིན་ལམ་སྲོལ་གསར་གཏོད་དང་། གནས་བབ་གསར་པ་དང་ལས་འགན་གསར་པའི་དགོས་མཁོ་དང་འཚམ་པའི་འཇོན་མི་ནང་འདྲེན་དང་གསོ་སྐྱོང་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། “འཇོན་མིའི་གསར་གཏོད་ལས་གཞི”དང་།“འཇོན་མིའི་ལས་དོན་གསར་གཏོད་ཚོད་ལྟ་བྱེད་ས”བཅས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཕྱོགས་ཡོངས་ནས་འཇོན་མིའི་བྱང་ཚད་ཇེ་མཐོར་བཏང་ཡོད། གཉིས་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་གསར་གཏོད་རྣམ་གྲངས་ལག་བསྟར་བྱས་པ། 《སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གསར་གཏོད་རྣམ་གྲངས་ཀྱི་ཇུས་གཞི(2017ལོ་ནས2020ལོའི་བར)》ལག་བསྟར་དོན་འཁྱོལ་བྱས་ནས“དགེ་རྒན་གྲགས་ཅན་འཛུགས་སྐྱོང་བྱེད་པའི་ལས་གཞི”དང་། “རྐང་འཛིན་དགེ་རྒན་བརྒྱ་གསོ་སྐྱོང་བྱེད་པའི་འཆར་གཞི”ལེགས་པར་བསྒྲུབས་ཏེ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་ཡོད། གསུམ་ནས་འཇོན་མིའི་ལས་དོན་གསར་གཏོད་ཀྱི་ཚོད་ལྟ་བྱེད་ས་སྤེལ་བ། 2020ལོའི་ཟླ2པར་མཚོ་སྔོན་ཞིང་ཆེན་འཇོན་མིའི་ལས་དོན་མགོ་ཁྲིད་ཚན་ཆུང་གིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འཇོན་མིའི་ལས་དོན་གསར་གཏོད་ཚོད་ལྟའི་ཇུས་གཞི》འགྲེམས་སྤེལ་བྱས་པ་དང་། 2021ལོའི་ཟླ་དང་པོར《སློབ་གྲྭའི་འཇོན་མིའི་ལམ་སྲོལ་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར》བཟོས་ཏེ་འཇོན་མི་ནང་འདྲེན་དང་། སྐུལ་འདེད། བེད་སྤྱོད། ཡིད་རྟོན་འཛུགས་སྐྱོང་བཅས་ཕྱོགས་བཞིའི་ཐད་ནས་འཚོལ་ཞིབ་བྱས། 2021ལོའི་ཟླ6པའི་ཟླ་མཇུག་བར་སློབ་གྲྭ་ཡོངས་སུ་དགེ་རྒན་དང་ལས་བཟོ་པ296ཡོད་པ་དང་། དེའི་ནང་དུ་འབུམ་རམས་པ13དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ128ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན4དང་། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་འཇོན་མི6ཡོད་པ་རེད། ད་དུང་མཚོ་སྔོན་ཞིང་ཆེན་གྱི“མཐོ་རིམ་གསར་གཏོད་ཤེས་ལྡན་པ་མི་སྟོང་གི་འཆར་གཞི”ཐོབ་མཁན11དང་ཚོགས་པ1བདམས་པ་དང་། ཁུ་ནུའི་འཇོན་མིའི་ཁྲོད་ཀྱི་དགེ་རྒན་མིང་གྲགས་ཅན3བསྐོས་པ་དང་དགེ་རྒན་གྲགས་ཅན་གྱི་གཞུང་ལས་ཁང1བཙུགས་ཡོད། མཚོ་སྔོན་ཞིང་ཆེན་གྱི“གཅིག་ཅན་བཞི”ཡི་ལས་རིགས་པའི་གཞུང་ལུགས་ཀྱི་འཇོན་མི2དང་ཁུ་ནུའི་འཇོན་མི་ཁྲོད་ཀྱི་རིག་གནས་མཁས་པ1བསྐོས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།